e-texts navigator
Collection
Volume
Page
Wylie

209a1 དེ་རིས་པས་ཉིད་དད་པར། ། སམས་རྒྱས་སམས་བཅལ་སེམས་པ་དང་།། ས་ཞིགས་པས་ཀྱི་གཏང་མ་ཚལ།། གང་ཞིག་སེམས་ཀྱི་དབུས་མཐའ་འབྱེད།། ཁཅལ་པས་རྙེད་པ་གལ་ཡིན།། སེམས་ཀྱིས་སེམས་ལ་ཇི་ལྟར
209a2 མཚོན། ། སེམས་ལ་དངོས་པོ་ཡོད་ཅེའམ།། སེམས་ཀྱི་དངོས་པོ་གང་གི་བྱ།། དངོས་པང་དངོས་སྤྲུལ་བྱང་ཆུབ་སེམས།། ཕྱོགས་བྲལ་ཆེན་པོ་གང་སུ་ཞིག་ཕྱོགས་གཅིག་བྲལ་བས་ཕྱོགས་ཀུན་བྲལ།། བརྟགས་པའི་སྐུ
209a3 ཡུལ་ལས་འདས་པ། ། དེ་ཉིད་རྟོགས་ན་དེ་ཁོར།། སེམས་ཀྱིས་སེམས་བཙལ་དྲོད་ཅིག་རྙེད།། དྲོད་དེ་རྙེད་ན་བྱང་ཆུབ་སེམས།། ཅི་ཡང་ཡིན་དོ་གང་ཡང་རུང་།། དེ་ཉིད་ཆོས་ཀྱི་དོན་པོ་མཆོག། ངེས་ན་འཁོར་བའི་ངོས་ཉིད
209a4 གཉིས་སུ་ཡོད་པ་མ་ཡིན་ཏེ། ། འཁོར་བའི་དེ་བཞིན་ཉིད་དེ་ནི།། ཆོས་ཉིད་ཡིན་པར་ལུང་དུ་བསྟན།། འཁོར་བར་འཁྲུལ་བའི་སྔས་དང་། ནས་དག་དས་བྱད་སྒྱུ་ས་གཉིས།། སེམས་ཅན་སངས་རྒྱས་ཐ་དད་ཀྱང་།། དེ་བཞིདེ་ཉིད
209a5 ལས་ཡོད་ཡེ་མེད། ། དཔེར་ར་རས་སྔ་བརྒྱ་གཅིག་ལས།། ཚོར་གྱི་རྐྱེན་གྱིས་བསྣང་བྱས་ར།། ཁ་དོག་སྣ་ཚོགས་ཐ་དད་ཀྱང་།། རས་སྣས་ཉིད་ལས་ག་ལ་ཡོད།། ལོག་རྟོག་ཡང་དག་རྟོག་སྨིན་པ།། སེམས་ཅན་ཡེ་ཤེས
209a6 ཅན་འདི་དག། ཏུ་གཅིག་རྐྱེན་གྱི་བསྒྱུར་བ་ལས།། རིག་དང་ས་རིག་གཉིས་སུ་སྣང་།། འཁོར་བའི་སྡུག་བསྔལ་མི་འདྲ་བ།། དབུགས་ཆེན་ཕྱིན་ནས་རྨི་སངས་ལྟར།། ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས།། མཁའ་ལྟར
209a7 ཁྱབ་བངལ་ཉིད་དུ་སྣང་། ། ཀྲི་བཱ་ལ་སཾའིས་བརྟགས་པ་ཀར།། འདུས་བྱས་ཡིན་ཏེ་མ་སྐྱེས་པས།། དེ་བའིཞིནཅིང་ངེས་ཁྱབ་བདལ་ཆུབ།། བརྩལ་མེད་ཡེ་ཤེས་རང་འབྱུང་།
209a8 བམ་པ་བརྒྱད་པར་ཟུག་པའོ།། ། ལང་བཀའི་བདག་པོ་འདི་ཉིད་ནི།། མིད་པར་ངེས་པའི་རྩ་བ་བདུན།། དེ་བརྟག་དེ་ཉིད་དེ་རྟོགས་ན།། དེ་ཉིད་རྣམ་པར་ངེས་པ་ཡིན།། གླེང་དང་རི་བོ་སུ་གུང་བཅས།། ལྷུན་པོའི་རྩེ་མོ་ཉིད




iiif viewer powered by OpenSeadragon

208b - 209b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo