e-texts navigator
Collection
Volume
Page
Wylie

208a1 མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་དེ་ལ་རྩ་བ་འདྲ་བ་ཡངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་གང་གི་རྩ་བ་ང་། ངེས་པར་འབྱིན་པ་ནི་གང་། ས་པར
208a2 ད་ཀྱི་བར་གསལ། ། སྭ་པའི་སེང་གེ་ཤིང་དགེ་དབྱེ་བར་གསོལ།། དེ་སྐད་ཅེས་སྨྲས་པ་ལས། གསང་པཔའ་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་གིརྩ་བརྡ་བ་དེནི་ལེགས་སོ།། ཤིན་ཏུ་རབ་ཏུ་ལེགས་སོ།། འདི་ལྟ
208a3 བན། ལོང་དང་། མ་མཁན་པ་དང་། ངེས་པ་རོལ་ཀའི་བདག་པོ་མ་ལོ་ངན་འདི་ལྟར་ནམ་མཁའི་ཆོས་འཐུན་པའི་པེ་ཉེ་བར་བཟུང་བ་སྟེ། ནམ་མཁའ་ཇི་ལྟ་བར་ལྟར་གང་གིས་ངེས་པ་ཡང་དེ་ལྟར་ལྟའོ།། ལང་ཀའི་བདག
208a4 ཡིན་པ་མཁའ་གང་ཞེ་ན། འདི་སྟེ་སྟེ། པ་བཞིན་གཅིག་པ་དང་། མི་གོས་པ་དང་། གོ་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། དབྱིབས་མེད་པ་དང་། ཁ་དོག་མེད་པ་དང་། འདུས་མ་བྱས་པ་དང་། གཟུང་བ་མེད་པ
208a5 དང་འཛིན་པ་མེད་པ་དང་། མཐའ་མེད་པ་དང་། དབུས་མེད་པ་དང་། འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། གཡོ་བ་མེད་པ་དང་། འགུལ་བ་མེད་པ་དང་། ཆགས་པ་མེད་པ་དང་། གནས
208a6 པ་མེད་པ་དང་། འཇིག་པ་མེད་པ་དང་། སྟོངས་པ་མེད་པ་དང་། འགྱུར་བ་མེད་པ་དང་། མ་ཁྱབ་པ་མེད་པ་དང་། མི་འབྱུང་བ་མེད་པ་དང་། མ་ཆུབ་པ་མེད་པ་དང་། སྐྱོ་བ་མེད་པ་དང་། ནུབ་པ་མེད་པ་དང་། མཚན་ཉིད་མེད་པ་དང་། ཆུ
208a7 མེད་པ་དང་། རྐྱེན་མེད་པ་དང་། འབྲས་བུ་མེད་པ་དང་། རྩོལ་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ཡིན་ནོ།། ལང་ཀའི་བདག་པོ་ནམ་མཁའ་ནི་ཡོད་པ་ལས་མེད་པར་གྱུར་པ་མ་ཡིན། མེད་པ་ལས་ཡོད་གྱུར་པ་མ
208a8 ཡིན། དེ་བཞིན་དུ་གསལ་བ་ལས་མི་གསལ་བར་གྱུར་པ་དང་། མི་གསལ་བ་ལས་གསས་པར་གྱུར་པ་དང་། བདད་པ་ལས་གཅིག་ཏུ་གྱུར་པ་དང་། གཅིག་པ་ལས་ཐ་དད་དུ་གྱུར་པ་དང་། ཡིན་པ་ལས་ག་ད་པ་དང




iiif viewer powered by OpenSeadragon

207b - 208b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo