e-texts navigator
Collection
Volume
Page
Wylie

206b1 སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་གང་དུ་སྲ་པའི་སྒོ་ཡོངས་སུ་འབྱེད་པར་གྲང་།། ། སངས་རྒྱས་ཀུན་ཀྱང་དགོངས་པ་འདུས་པའི་མདོནད་པ་ཡང
206b2 ཡོངས་སུ་འདྲེན་པའི་ཡན་ལག་རྣམ་པར་བགྲོས་པའི་ལེའུ་སྟེ་ལྔ་བཅུ་པའོ། ། །། དེ་ནས་ཡང་གསང་བ་པའི་བདག་པོ་དེས་སེམས་པ་ཆེན་པོ་ལ་དཀའ་བདག་པོ་དེ་ལ་ངེས་པར་བོས་ཏེ་རྣམ་པར་སྨྲས་པ། ལང་ཀའི་བདག
206b3 པོ་འདི་ལྟ་སྟེ། གང་དུ་ངེས་པའི་ཡན་ལག་ནི།། གང་ལ་གང་གིས་གང་བརྗོད་པ།། འབྲེལ་བཞི་བཤད་སྤོར་བརྗོད་པའི་སྒོ།། ཡོངས་སུ་དག་ལ་ལྟང་ངེ་བའི།། གང་ལ་སྲན་རས་གཟིགས་དབང་གིས།། མཐར་ཐུག་མེད་པའི་འགྲོ
206b4 གང་དག། འདི་ན་སྣོད་བཞི་ཁོ་ནར་གཟིགས།། ཞེན་ཆགས་ཅན་དང་ལོག་སྲེད་ཅན།། རིགས་དྲུད་ཅན་དང་བློ་གྲོས་ཅན།། ཐམས་ཅན་ཆ་བཞིར་སྣང་བ་སྟེ།། འདོད་ཁྲིད་སྒོར་དང་ངེས་པར་སྣང་།། དེ་དག་ངས་འགའ་ཆ་བཞི་སྟེ།།
206b5 གང་དུ་དགོངས་པ་གང་ངེས་པ།། ངོ་བོ་དམིགས་དང་བཅས་པ་ལས།། བཀའ་དོན་གཏན་རིགས་རིགས་པ་བཞིར།། སྣང་དང་མི་འགལ་རྒྱས་འཐང་སྦར།། ཐམས་ཅད་མེད་ཆུ་བརྟགས་ཆགས་པ།། བསྒྲུབས་འགྲུབ་ཇི
206b6 ལྟར་བལྟས་པར་སྣང་། ། གང་དག་གང་ལ་བརྡ་ཕྲེང་བས།། གང་གི་དོན་ལེན་ཉིད་དུ་ངེས།། ཞེས་ངེས་པ་དམ་པ་ཉིད་དུ་འབྲོས་པས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་བརྡ་ཙམ་གྱིས་གང་གི་ངེས་པ།
206b7 རྙེད་པར་གྱུར་ཏོ།། ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ངེས་པ་དམ་པའི་ཡན་ལག་བཟོས་པའི་ལེ་འུ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །། དེ་ནས་ཡང་གསང་བ་པའི་བདག་པོ་ངེས་དམན་པའི
206b8 ལུས་ཀྱི་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་ལ་ཡིད་ཡོངས་སུ་འཇུག་པའི་ཐབས་ཀྱིས་བོས་ཏེ་སྨྲས་པ། ལང་ཀའི་བདག་པོ་ཡན་ལག་ག། མཐར་ཟད་རྟོགས་འཇུག་ཐབས་ཉིད་ནི།། བཞིན་འབྱུང་།




iiif viewer powered by OpenSeadragon

206a - 207a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo