| | e-texts navigator
|
203b1 རྡོ་རྗེ་མངོན་པའི་མཐུ་ཅན་འདི་དག་མངོན་པར་བྱུང་ངོ་། ། ཧཱུ~ཾ་ཧཱུ~ཾ་ཏྲཱཾ་རྡོ་རྗེ་འདུས་པར་འདུས་པ་ཡི།། ཨེ་ཀ་ཏེ་ན་དམ་པའི་རིགས་ཅན་རྣམས།། བླ་འོག་རིམ་པ་ཇི་བཞིན་དུ།། རྡོ་རྗེ་གསང་བའི་གྲལ་བཀོད་དེ།། རིགས་པ་ཡིན་པའི་རིགས་མེད་འགྱུར།།
203b2 རབས་ཀྱི་མ་ཚིག་ནི།། རིགས་མང་རྣམས་ལ་འབབ་པ་འགྱུར།། དེ་ལས་འདས་ནང་ཐག་བྱད།། ཧཱུཾ་ཀྲོ་དྷ་ཛྭ་ལས་པ་ཡ།། ར།། ཤད་ལ་ས་མ་ཡ།། ཡཀྟ་ཛ་ལ་ས་མ་ཡ།། ཙིད་ཏ་ཛྭ་ལ་ས་མ་ཡ།། ཞེས་ས་བླང་བ་སཞལ་སྔགས་ཀྱི་དབ་པོ
203b3 པུང་ལས་ཁོ་བོ་འོད་ཀྱི་ཕྲེ་དབ་འབར་བ་དང་། སྲིན་པོ་འོད་ཀྱི་ཕྲེང་བ་འཕྲོ་བ་དང་། གནོད་སྦྱིན་འོད་ཀྱི་ཕྲེང་བ་འཁྲུགས་པ་དང་། ཟ་བྱེད་འོད་ཀྱི་ཕྲེང་བ་ཚུབ་མ་བདྷཱད་མར་བྱུང་བས་རུ་དྲ་དང་། བདུད་དང་། སྲན་པོ་དང་། གདོད་སྙིར་དང་། འདུག་པར
203b4 དང་། སྲེད་མེད་དང་། དབང་ཕྱུག་དང་། སྟོབས་ལྡན་དང་། སྤྲེའུ་དང་། ར་དང་། ལ་འདི་དང་། སྦྲང་མ་དང་། བྱ་རོག་དང་། མཁྱེར་དང་། འཁོར་བ་དང་། ཆུ་དང་། ས་དང་། ནམ་མཁའ་དང་། མེ་དང་། སྒྲ་དང་། རྟོག་དཔྱོད་ལ་སོགས་པ་མཚན་པར་མཾ
203b5 གནས་ཆོས་ཅད་དྲན་པར་གྱུར་ཏོ། ། དེ་ནས་འོད་ཟེར་དེ་དག་མཁའ་ལ་འཁྱིལ་པ་དང་། འཁོར་མང་པོ་དེ་དག་ཤིན་ཏུ་སྐྲག་སྟེ་གསོལ་བ་བཏབ་པ། ཨེ་མའོ་ཨེ་མ་བདག་ཅག་བཅོམ་ལྡན་འདས་ཀྱིས་སྣོད་དུ་རུང་བར་བྱིན་གྱི་བརླབ་ཏུ་གསོལ།།
203b6 ཐེག་པ་ཆེན་པོའི་དགས་སུ་གཟུང་དུ་གསོལ། ཞེས་གསོལ་བ་བཏབ་པ་ལས། བཅོམ་ལྡན་འདས་ཀྱི་ཞལ་གྱི་མདངས་ཕྱུང་བས་འོད་ཟེར་དེ་དག་ཡེ་ཤེས་ཀྱི་འོད་ཞི་ཞིང་འཁྱིལ་བ་དང་། མཛེས་ཤིང་བདེ་བས། ཐམས་ཅད་རངས་པར་བྱས
203b7 ནས་སྣོད་རྣམ་པར་སྦྱངས་ཏེ། འོད་ཀྱི་གནས་སུ་ཐིམ་པར་གྱུར་ཏོ།། ལང་ཀའི་བདག་པོ་དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་ག་པདག་པོ་དེ་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས་ངེས་པར་བཞེངས་ནས་སེང་གེ་རྣམ་པར་རྒྱལ་བ
203b8 སྒྲ་ལྟ་བུས་དོན་གྱི་བཀོད་པ། རྟགས་ཀྱི་རོལ་པ། གསང་བ་འདས་པ། བཀའ་འགྲེལ་བ། ཆོས་ཀྱི་མེ་ལང་། གཏན་ཚིགས་ཀྱི་འབྱུང་གནས། དགོངས་པ་ཀུན་འདུས་རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོའང་སྒྲ་འོ་བྱུང་དེ།
iiif viewer powered by OpenSeadragon
203a - 204a