e-texts navigator
Collection
Volume
Page
Wylie

203a1 རོལ་བའི་བུ་ཡིས་སྦལ། ། དབའ་ན་གཤེགས་པ་ཀུན་ཀྱ་ཐུགས་ཆེན་པོ།། ཡེ་ཤས་ངན་ཀྱི་སྟོང་པ་མཆོག་དང་ལྡན།། རྣལ་འབྱོར་བག་ཅན་རྡོ་རྗེ་ཀུན་འདུས་ལུང་།། འདུས་པའི་ཚགས་ལ་རྒྱ་ཆར་བ་ཤང་དྲགསོལ།། མ་ཧེའི་ས་ངེས་པར་བཏུང་།
203a2 དག་སོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཀྱི་ཀླངས་གསོལ་བ་བཏབ་པས་འཁོར་ཐམས་ཅད་ལ་གཟིགས་ཏེ་འཛུམ་པ་མཛད་པས། ཐུགས་རྣམ་པར་དག་པ་འཀློད་ནས་རག་པའི་ཉ་མ་བརྗོད་ཀྱི
203a3 ན་ཡང་བའ་ཡང་མི་ལང་བ་འོད་ཟེར་འབྱམ་ཀླས་པ་ཀུན་ནས་ཀུན་ཏུ་ཁྱབ་པར་མཛད་དོ། ། འོད་ཟེར་དེ་དག་རེ་རེ་ལས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་ལྟ་བུའི་གཟུགས་སྣ་ཚོགས་འབྱུང་ངོ་།། དེ་དག་རེ་ར་ལས་ཀྱང་སངས་རྒྱས་འབུམ་ཕྲག་དཔག་ཏུ་མ་དང་ཁོར
203a4 སོ་སོའི་ན་མ་རིང་དང་བཅས་པ་ཞིང་ཁམས་མཐའ་ཡས་པར་ཁྱབ་ཅིང་སྣང་བར་གྱུར་ཏོ། ། དེ་ལས་རིག་པའི་ཉི་མའི་འོད་ནམ་མཁའི་ཁམས་ཁྱབ་པར་བྱུང་བས་ཀུན་པ་རན་རག་སྨག་དགྱུར་པ་ཐམས་ཅད་ཡང་དག་པར་གསོལ་ལོ།། རིག་པའི་ཆོས་ཀྱི་འབྲུག
203a5 སྒྲ་དང་། ཆོས་ཀྱི་ཆར་དང་། ཆོས་ཀྱི་ཀླུ་སྣ་ཚོགས་དང་། ཆོས་ཀྱི་གར་སྣ་ཚོགས་དང་། ཆོས་ཀྱི་མཆོད་པ་སྣ་ཚོགས་བྱུང་སྟེ། འབྱམ་ཀླས་པའི་ནམ་མཁའ་ལ་ཕན་ཚུན་དང་། ཡན་མིན་དང་། སྣརེལ་ཞི་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་ལང་ལོ་བྱར་པར
203a6 བྱུང་ངོ་། ། རྨད་དུ་བྱུང་བའི་སྐུ་བསམ་གྱིས་མི་ཁྱབ་པའི་འོད་ཟེར་འབར་འཕྲོ་འཁྲུག་གཅིང་ལིང་ལོང་བྱེད་དོ།། ཐད་དུ་བྱུང་བའི་ཐུགས་ཀྱང་ལྟད་རེའོ།། སད་དུ་བྱུང་བའི་གསུང་བསམ་གྱིས་མ་ཁྱབ་པ་ཡང་ཨ་ཧེ་ཞེས་སྒྲོགས་སོ།། སངས་རྒྱས་དཔག་ཏུ་མེད
203a7 བ་ཡང་གསུང་བསམ་གྱིས་མ་ཁྱབ་པའི་སྒོ་གཅིག་ཏུ་ཨེ་མའོ་རྨང་ཀྲུང་རོལ་པའི་ཆོས་ཀྱི་དོན་བྱུང་ངོ་ཞེས་སྒྲོགས། འཁོར་འབུམ་ཕྲག་དང་གདུལ་བྱ་སྣ་ཚོགས་སྤྲོ་བའི་ངོ་མཚར་བསྐྱེད། རིག་པའི་རྩལ་སྐྱ་དང་།། དོན་གྱི་བྱ་བ་ཕྱུང་། ངམ་ཞིང་ངོ་མཚར་བར
203a8 གྱུར་ཏེ། ཐམས་ཅད་ཉེ་བར་གནས་སོ།། ཞི་བར་གནས་སོ།། དགའ་བ་དང་ལྡན་པར་གནས་སོ།། དེ་ནས་གསང་བ་མཆོག་གི་བདག་པོ་དེས་འཁོར་རྣམ་པར་སྤྱོད་པ་རྡོ་རྗེ་རྒྱུན་ཞེས་བྱ་བའི་ཏིང་ངེ་འདིན་ལ་སྙོམས་པར་ཞུགས་ནས། ཤངས་ཀྱི་ཧཱུཾ་རིངས་ལས




iiif viewer powered by OpenSeadragon

202b - 203b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo