e-texts navigator
Collection
Volume
Page
Wylie

202b1 གར་གྱི་ཕྱག་ཆ་ཆེན་པོ་དང་། རྣམ་པར་བཞད་པ་སྣ་ཚོགས་པ་དང་། ཐུགས་རྗེའི་འཕྲོ་འདྲ་དང་། ཡོན་ཏན་གྱི་ཁད་པར་དང་། འོད་མེར་གྱི་འབར་འཕྲོ་ལ་སོགས་པ་སྤྲུལ་པ་ཀློག་གི་ཕྲེང་བས་ནམ་མཔའ་ཐམས་ཅད་ཀུན་ཁྱབ་པར་མཛད་དེ། ཐམས
202b2 ཅད་ནས་ཐམས་ཅད་པ་མཚན་མ་དང་། རྣམ་པ་ང་། ཡོད་པ་དང་མེད་པ་ལ་གསང་སྔགས་ཀྱི་ངོ་བདེ་ཁོ་ན་ཉིད་ཀྱི་རང་གིས་ཡོངས་སུ་ཐབ་སྟེ། པ་བཞིནགས། ཡང་དེ་བཞི་ག་ཤེགས་པ་ཐམས་ཅད་ཀྱི་ཡུལ་སྟོང་པ་ཆེན་པོ་དེ་ཁོ་ན་ཉིད་ལས
202b3 བསུལ་བ་ཐམ་སྔ་བྱུང་ངོ་། ། ཡེ་ཤེས་སྔ་མས་རྣམ་པར་རོལ་པའི་ས།། ཐབས་དང་ཤེས་རབ་ཆེལ་མ་དད་བརྙེས་པའི།། འཕགས་རྗེ་སྤྲུལ་པ་མང་པེ་འབྱུང་བའི་གནས།། བདེར་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོ་ཞེས་བསལ
202b4 བས། བཅོམ་ལྡན་འདས་གསཔ་པ་ལ་ཆོག་གི་བདག་པོ་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཅི་ཡང་མ་གསུང་བར་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
202b5 དངས་རྣམ་པར་བསྐུལ་བ་ཆེ་པོའི་སྡེ་བྱུང་བ་དེ་དག་ལས་འཁོར་ཤིན་ཏུ་མང་པོ་རྣམས་དེ་མཚར་དུ་གྱུར། རྨད་དུ་གྱུར་ཏེ། དེ་དག་ཐམས་ཅད་མགྲིན་གཅིག་རྡོ་རྗེ་ལ་པི་བེན་ཉིད་ལས་ཀླུ་འདིས་གསོབ་པ་བཏང་པོ།། ཨེ་མ་རོ་ཡིད་བཞིན
202b6 སྒྲ་མཆོག་ནམ་མ་ཁའ་ལྟེ་བུ་ལས། ། ཁྱབ་པའི་བྱིན་བརླབས་རྡོ་རྗེ་གར་མཛད་ཅིང་།། གཟི་བརྗིད་སྤྲི། ཕུང་རོལ་པས་སྒྱིངས་པའི་སྐུ།། ཐོགས་མེད་རྡོ་རྗེ་ལ་པའི་ཚེ་བཕྲུལ་སྟན།། མེ་མའོ་ཡང་བཞིན་གསུང་མཆོག་ས་བར་ལྦ་བཱ་ལ
202b7 པའི་བྱིན་བརླབས་རྡོ་རྗེ་བརྗོད་མཛད་ཅིང་། ། ཡན་ལག་རྒྱལ་མཟེང་བགེརང་བའི་གསུང་།། སེང་གེ་རྣམས་གསང་སྔགས་རྒལ་བ་སྟེན།། ཨེ་མ་ཡེ་ཤེས་སྙིང་པོ་ཉིམ་ལྟ་བུ་ལས།། འབར་བའི་བྱིན་རླབས་རྡོ་བ་མཛད་ཅིང་།། ཟབ་པ་ས
202b8 བུལ་རྣམ་པར་མི་ཏོ་གཟུགས། ། དལ་གོལ་དེ་ཉིད་ངེས་པའི་འཕྲུལ་སྟོན།། མི་ཤེས་བླན་རྨོངས་འདམ་བྱིང་འགྲོ་བ་རྣམས།། སྡུག་བསྔལ་དྲ་བམ་བཅིངས་པ་ཐབས་ཀྱིས་གྲོལ།། མ་རིག་མུན་པས་ལོང་བ་དོན་གྱིས་ཕྱེ།། འཁོར་པའི་རྒྱམ




iiif viewer powered by OpenSeadragon

202a - 203a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo