e-texts navigator
Collection
Volume
Page
Wylie

201b1 གཞི། ཆགས་པའི་རྟེན་འབྱུང་བའི་གནས། འགྲོ་བའི་ལམ་དུ་གྱུར་པ་དེ་དང་ཆ་འཐུན་དུ་བསྟན་པད་མོ་ཅན་ཞེས་བྱ་བར་གྲགས་པའི་ཞིང་ཁམས་ན། ཐུན་མོང་མ་གྱུར་གསང་བའི་སྟེ། གསང་བའི་འཁོར་བརྗོད་ཀྱིས་མ་ལང་བའི་ཡང་མ་ལ
201b2 བ་འདི་ལྟ་སྟེ། གསང་བའི་སེམས་དཔའ་ཆེན་པོ་རྡོ་རྗེ་མྱུར་བ་དང་། རྡོ་རྗེ་ཆེན་པོ་གྱོགས་པ་དང་། རྡོ་རྗེ་ཆེན་པོ་རྣོན་པོ་དང་། རྡོ་རྗེ་ཆེན་པོ་འབྱུང་བ་དང་། རྡོ་རྗེ་ཆེན་པོ་འབྱེད་པ་དང་། རྡོ་རྗེ་ཆེན་པོ་ཆེ་བ་དང་། རྡོ་རྗེ་ཆེན་པོ་ཡངས་པ་དང་། རྡོ་རྗེ་ཆེན་པོ
201b3 ཟབ་པ་དང་། རྡོ་རྗེ་ཆེན་པོ་བརྟན་པ་དང་། རྡོ་རྗེ་ཆེན་པོ་སྣ་ཚོགས་ལ་སོགས་པ་ཤིན་ཏུ་གསང་བའི་འཁོར་འབྱུང་འཇུག་དང་བཅས་ཏེ། གང་ཐེ་ཙོམ་གཅོད་པ་དང་། ཆོད་པ་དང་། ཞུ་བར་ལྡོག་པའི་ཚུལ་དུ་བཞུགས་སོ།། དེ་ལྟར་ན་དེ་བཞིན་གཤེགས།
201b4 པ་ཐམས་ཅད་རེ་རེ་ལ་ཡང་སྐུ་བྱེ་བྲག་འདི་ལྟར་སྣང་ཞིང་ཐ་དད་དུ་སྣང་བ་ཡང་མེད་དོ།། གཅིག་དང་ཐ་དད་པའི་ངོ་བོ་ལས་ཀྱང་གྲོལ་ལ། ལྷ་ན་ནེ་ལྷང་ངེ་ལྷམ་མེ་ལྷག་གར་ཀུན་ནས་ཀུན་ཏུ་སྣང་ངོ་།། དེའི་ཚེ་དེའི་དུས་ན་མི་ཆེན་པོའི་སྤྱོད་ཡུལ་ཐམས་ཀྱི་ཐེག་པ
201b5 ཆེན་པོ་གསང་བའི་སྙིང་པོ་འདི་སྐུ་བཞི་རྣམ་པར་སྣང་བ་ལ་ཐོས་པ་ཕྱིན་ཅི་མ་ལོག་པའི་དོན་རྒྱལ་བའི་སྲས་དག་ལ་དེ་ཁོ་ན་ཉིད་ལྟར་བགྲོ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དགོངས་པ་མཉམ་པ་ཉིད་ལ་ཤར་བར་མཁྱེན་ན
201b6 སྐུ་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། ། གསུང་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་དངལ་རྣམ་པར་བཞུགས་སོ།། ཐུགས་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་ཏེ། འཇུག་པ
201b7 29། སྐྱོག་པའམ། རྣམ་པར་ལྡོག་པ་མི་དམིགས་སོ།། ལང་ཀའི་བདག་པོ་གཉིས་ནི་ག་དབྱུང་བརྗོད་པ་གཉིས་ཉིད་དོ།། ལང་ཀའི་བདག་པོ་དེ་དག་ནི་དྷཱུའི་ཡན་ལག་ཅེས་བྱའོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གླིང་བཞི་པ
201b8 སུམ་ཚོགས་པ་བསྙེན་པའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ། ། །། ལ་ཀའི་བདག་པོ་རྩ་བའི་ཡན་ལག་གང་ཤེ་ན། འདི་ལྟ་སྟེ། བཟོད་པ་འབྱུང་བའི་རྩ་བ་གང་གིས་གང་གླེང་བསླང་པ་གང་ཡིན་པ་ལ་བྱས། འདི་ལྟར་དེ་ན་སད་བཞིན་གཤེགས་པ་དེ་དག




iiif viewer powered by OpenSeadragon

201a - 202a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo