e-texts navigator
Collection
Volume
Page
Wylie

200a1 ཡི་འགག་རྣམ་གྲོལ་རྣམ་དག། དངོས་པོར་མ་ཡིན་ནམ་མཁའི་རང་བཞིན་མ་བཅོས་མ་བྱས་ཡེ་ནས་ཇི་བཞིན། འཁོར་བ་མི་སྤོང་ཡེ་བ་དལ་ཁྱབ་པ། དུག་གསུམ་མི་སྤོང་སྨན་པ་ཆེན་པོ། ཅིར་ཡང་མི་དམིགས་དམིགས
200a2 པ་ཀུན་འབྱུང་། མིག་གི་ལམ་ཆད་བརྗོད་པ་ཀུན་འབྱུང་། གང་དང་མ་འདྲེས་གཅིག་ཏུ་ཡོངས་སུ་རྫོགས་པ། ཀུན་ནས་ཀུན་དུ་དང་བཟང་པོ་མི་ནུབ་པའི་ཏོག་ཆེན་པོར་ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བད་དུ་འབྲལ་མེད་པ
200a3 ཀུན་ཏུ་འུ་བ་ཆུ་བ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བཞུགས་སོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཚིག་འདི་སྐད་འཐུན་འཇུག་ཐབས་སུ་ཐོས་པའི་རུས་གཅིག་ར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་གསང་བ
200a4 གི་བདག་པ་དེ་བླང་དོར་མི་མདའ་བྱིན་གྱིས་བརླབས་ཀྱི་དབང་ཕྱུག། འདོད་པ་ཀུན་འབྱུདང་ལེ་ཟད་མཛོད་ཀྱི་བཀོད་པ། ཆེ་བ་ཀུན་བཅོམ་དམ་པར་རོལ་པའི་གཟི་བརྗིད་དང་། རླབས་སུ་གཅོད་པའི་སྤྱོད་པ་ཆེན་པོས་སྐྱོད་བ་དེ་རྨད་དུ་བྱུང་ངོནའིདི
200a5 ཉིད་གླེང་བའི་གནས། ཚོགས་ཆེན་རྫོགས་པའི་གཞི། རྩལ་ཆེན་རྫོགས་པའི་ས། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་མཐའ་དང་དཔུང་མེད་ཅིང་རྩེ་མོ་ཀུན་ཏུ
200a6 མཉམ་པ། རིན་པོ་ཆེའི་རྒྱལ་པོས་རྣམ་པར་བརྒྱད་པ། མུ་ཏིག་གི་ལུང་ལོ་དང་། ཆུན་འཕྱང་དང་། ལྔ་ལྡིས་མཛེས་པ། རྩིབས་ཀུན་ཏུ་ཉི་མ་དང་ཟླ་བ་རངས་པ་དང་། མ་རངས་པ་འཕྱོ་བས་གསལ་བཏབ་ཅིང་འཕྲ་བཀོད་པ། སྐར་མ་དང
200a7 ཤི་ཏུ་སྐར་བདག་གིས་གཟེར་སྨྲས་པ། རིན་པོ་ཆེའི་ཀ་བ་བརྒྱད་ཐུག་པ། ཉི་མ་དང་ཐབས་བརྒྱན་པ། རིན་པོ་རྗེའི་ཀརྨན་ལས། རིན་པོ་ཆེའི་གཙང་དང་འོད་ཟེང་ཀུན་དུ་འཕྲོ་བ། དུང་ཆེན་པོ་བརྐྱང་རེའུ་རེས་བས་པ། ཆོས་ཉིད་ཀྱི་བླང
200a8 ཤར་བུ་བྱུང་བ། རྫུ་འཕྲུལ་གྱི་སྤྲིན་པུང་གཉིབས་པ། བྱང་ཆུབ་ཀྱི་ཆར་མངོན་པར་འབབ་པ། ཉོན་མོངས་པའི་གདུང་པ་སངས་པར་གྱུར་པ། ཡེ་ཤེས་ཀྱི་མྱུ་གུ་མངོན་པར་སྤྱོད་པ་དང་། ཆོས་ཉིད་སྒྲ་མདོད་པར་བསྒྲོགས་ཏེ། ལས་ཀུན་པནི་ས




iiif viewer powered by OpenSeadragon

199b - 200b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo