| | e-texts navigator
|
198b1 ལུང་སྟེ། མདོ་བཞི་པོ་དེ་དག་ནི་དགྲོལ་བའི་ལྡེ་མིག་སྟེ། གང་སྤྱོད་པས་འདྲེན་པའི་སྒོ་གང་ཡིད་པ་དེ་ནི་དེས་དཀྲོལ་ཞིང་གང་དེ་ཉིད་དུ་གསལ་བར་བྱེད་པའོ།། ལང་ཀའི་བདག་པ་དེ་ལ་རྩ་བ་གསུཔ་གང་ཞེན། འདི་ལྟ་ལྟ་ཟླའི་རྩེ་བ་དང་། གྲོས་ཀྱི་རྩ་བ་དང་།
198b2 ཐབས་ཀྱི་རྩ་བའོ།། ལང་ཀའི་བདག་པོ་ད་ལ་བློའི་རྩ་བ་ནི་འདི་ལྟར་ཇི་བཞིན་པའི་དེ་བཞིན་ཉིད་དུ་མི་ཏོག་རྣམ་པར་པི་ཏོག་ལྡན་དབའོ།། ལང་ཀའི་བདག་པོ་ཟོས་ཀྱི་རྩ་བ་ནི་འདི་ལྟར་གང་ཐམས་ཅད་ནས་ཐམས་ཅད་དུ་མ་འདྲེས་པ་ལ་མ་རྨོངས་པ་ཉིད
198b3 ས་ལེ་བའོ། ། ལ་མདག་པོ་ཐབས་ཀྱི་རྩ་བ་ནི་འདི་ལྟར་གང་ཡོངས་སུ་རྫོགས་པ་ལ་རྣམ་པར་དག་པ་ཉིད་དོ།། ལང་ཀའི་བདག་པོ་དེ་དག་ནི་རྦ་བ་སྟེ། རྩ་བ་གསུམ་པོ་འདི་དག་ནི་འབྱེད་པའི་ལྔ་པིག་ཅེས་བྱ་སྟེ།། གང་སྤྱོང་པས་འདྲེན་པའི་གོ་གང་ཡིན
198b4 པདེ་ནི་ངས་འ་ད་དུ་གསལ་བར་བྱེད་དོ། ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བཀོད་བ་རྣམ་པར་འཕེལ་བའི་ལེའུ་བ་བའི་འདྲ་རྩ་ལྔ་པའོ།། །། དེ་ནས་ཡང་ལ་ཀའི་བདག་པོ་དགབྱང་ཆུབ་སེམས་དཔའ
198b5 སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་ལ་སྒོ་གཉིས་ཀྱི་དྲི་བ་ཡོངས་སུ་དྲིས་པ། ། ཀྱེ་གསང་བ་པའི་བདག་པོ་གང་སྒོ་གཉིས་འབྱེད་ཅིང་རྣམ་པར་འཀལ་བ་ཇི་ལྟར་འབྱེད་པ་ལགས།། སྨྲས་པ་ལང་ཀའི་བདག་པོ་སྒོ་གཉིས་ནི་འདི
198b6 ལྟར་འདི་ཡང་ལྔ་མིག་གསུམ་གྱིས་རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་སྟེ། ཐུན་པོང་གི་ཡན་ལག་དང་མདོ་དང་རྩ་བའོ།། གང་འདི་ལྟར་ཡན་ལག་དྲུག་ནི་འདི་ལྟ་སྟེ། བྱ་བའི་ཡན་ལག་དང་། ཐབས་ཀྱི་ཡང་ལག་དང་། སྦྱོར་བའི་ཡན་ལག་དང་།
198b7 སྐྱོང་བའི་ཡན་ལག་དང་། རིག་པའི་ཡན་ལག་དང་། རྫོགས་པའི་ཡན་ལག་གོ།། ལང་ཀའི་བདག་པོ་ཡན་ལག་དྲུག་པོ་འདི་དག་ཀྱང་གཅིག་ཏུ་ཡན་ལག་བཅུ་གཉིས་ཀྱིས་ཡོངས་སུ་རྫོགས་ཤིང་ཡན་ལག་དྲུག་གིས་གསལ་བར་འབྲེལ་བ་སྟེ།
198b8 བཅུ་གཉིས་ག་ཤེ་ན། འདི་ལྟ་སྟེ། སྒོའི་ཡན་ལག་དང་། དམ་པའི་ཡན་ལག་དང་། ངེབ་པའི་ཡད་ལག་དང་། བསམ་པའི་ཡན་ལག་དང་། དམིགས་པའི་ཡན་ལག་དང་། བཟླས་པའི་ཡན་ལག་དང་། སྦྱོར་བའི་ཡན་ལག་དང་། སྤྱོད་པའི་ཡན་ལག།
iiif viewer powered by OpenSeadragon
198a - 199a