e-texts navigator
Collection
Volume
Page
Wylie

198a1 ཕྱིར་གང་རང་གང་གི་འབྲས་བུ་ཡོད་པ་དང་ཀུན་ཀྱང་རང་བཞིན་མེད་པ་ལ་དགོངས་ཏེ། ཐམས་ཅད་ཡོད་དོ་ཞེས་བྱ་བ་དང་། སྟོང་པ་ཉིད་དོ་ཞེས་གང་གི་འདུ་ཤེས་གཞུག་པའི་ཕྱིར་རོ།། ལང་གའི་བདག་པོ་དཔེ་བ་ནི་འདི་ལྟར་གང་དང
198a2 གང་ལ་མོས་པ་རོ་ལྟར་ཀུན་བརྟགས་པ་དངོས་པོ་མེད་པར་བཤད་པ་དང་། གཞན་གྱི་དབང་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་དང་། ཡོངས་སུ་གྲུབ་པ་མི་འགྱུར་བ་ཕྱིན་ཅི་མ་ལོག་པར་བཤད་པ་གསུམ་ལ་དགོས་ཏེ་གསུཔ་བསྙད་པའོ།།
198a3 སང་ཀའི་བདག་པོ་ཟིལ་གྱིས་གདོན་པ་ནི་འདི་ལྟར་གང་ཟུན་སུམ་ཚོགས་པའི་གྲགས་པ་དག། རྡོག་པ་ལོངས་སྤྱོད་པ་དག་བསྟན་པས་ཟིལ་གྱིས་གནོད་པའི་ཕྱིར་གཉེན་པོར་གྱུར་བས་འདུལ་བར་དགོངས་ཏེ་རྒྱ་ཆེན་པོ་དག་སྟོན་པའོ།། ལང
198a4 པ་དག་པོ་སླུ་བ་ནི་འདི་ལྟར་གང་འདུ་ཤེས་ལོག་པ་དག་སྦམ་པའི་ཐབས་ཀྱིས་ངེམ་པར་བསྒྱུར་བའི་ཕྱིར་དོན་མི་འགྱུར་བ་ལ་དགོངས་ཏེ་རྒྱུ་གཞན་དསྟོན་པའོ། ། ལང་ཀའི་བདག་པོ་དེ་ལ་འཐུན་འཇུག་སྤྱོད་ལུང་འདི་ལྟ་སྟེ། རང་རྐྱེན་གཉེར་གྱི
198a5 ཡང་དང་ཐབས་འཛུད་བས་པའི་ལུང་དང་། ཆ་འཐུན་གྲོར་བའི་ལུང་དང་། གདབ་པ་དག་ནན་ཏན་གྱི་ལུ་དོ།། ལང་ཀའི་བདག་པོ་འདི་ལ་རང་རྐྱེན་གཉེར་གྱི་ལུང་ནི་འདི་ལྟར་གང་ལ་གང་ལྟར་རྐྱེན་དུ་འཚམ་འང་ལ་དེ་ལྟར་ཉིད་སྟོན་པའོ།། ཐབས་འཛུད་པས
198a6 བའི་ལུ་འདི་འདི་ལྟར་གང་བསྡུ་བའི་ཐབས་ཀྱིས་གང་གི་ཆ་དང་འདྲེན་མས་དེ་དག་བསྐུར་བའོ། ། ཆ་འཐུན་སྦྱོར་བ་ནི་འདི་ལྟར་གང་གི་ཆ་བཞིན་སྤྱོད་པས་འདི་ལྟར་སྦྱོར་བའོ།། གདམས་དག་ནན་ཏན་གྱི་ལུང་ནི་འདི་ལྟར་གང་ལ་ག་གཅེས་སྤྲས་བྱས་ཏེ
198a7 འཇོད་པའོ། ། ལང་ཀའི་བདག་ཟོད་ལ་དོན་མངས་པའི་ལུང་ནི་འདི་ལྟ་སྟེ། དགས་པ་དང་། ངེས་པ་དང་། རབ་དང་། གལ་བའོ།། ལང་ཀའི་བདག་པོ་དེ་ལ་དགོས་པ་གང་ཞེ་ན། འདི་ལྟས། གང་བྱུང་བ་དགག་གི་ཕྱིར་བརྣགས་ཏེ། དེ་ཟླ་བྷྲིང་ངོས་ཟིན་པའོ།།
198a8 ངེས་པ་ནི་འདི་ལྟར་གང་ལ་གཏན་ལ་ཕབ་པ་དེའི་ངེས་པ་རྙེད་པའོ།། རང་གི་ང་བོན་འདི་ལྟར་གདབ་རྟགས་པ་བརྗོད་པའི་དངོས་བཞིའོ།། གལ་པོ་ནི་འདི་ལྟར་གང་ལ་གང་གང་གིས་གལ་དུ་གཏོང་བ་ཉིད་དོ།། ལང་ཀའི་བདག་པོ་དེ་དག་ནི་ངེས་པ་དམ་པའི




iiif viewer powered by OpenSeadragon

197b - 198b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo