| | e-texts navigator
|
197b1 བར་དྲགཅོད་པའོ། ། གང་གི་ཕྱོགས་ལ་ནན་ཏན་དུ་བྱེད་པ་ནི་མཐུན་པའོ།། གང་དང་མི་མཐུན་པའི་དབང་དུ་ཛིན་པ་ནི་ཉེས་དམིགས་སོ།། གང་དུ་འཐུན་པར་ཛིན་པ་ནི་ཡོན་ཏན་ནོ།། ལང་ཀའི་བདག་པོ་དེ་དག་ནི་མཚན་ཉིད་ཀྱི་ཡན་ལག་སྟེ། ཡན་ལག
197b2 དྲུ་པོ་དེ་དག་ནི་འབྱེད་པའི་ལྡེ་མིག་སྟེ། གབ་སྤྱོད་པས་འདྲེན་པའི་སྒོ་གང་ཡིན་པ་དེ་ནི་ས་འབྱེད་ཅིང་གང་དེ་ཉིད་དུ་དགོངས་པངས་པར་འགྲེལ་ཏོ།། ལང་ཀའི་བདག་པོ་དེ་ལ་མདོ་བའི་གཤེ་ན། འདི་ལྟ་སྟེ། དགོངས་པ་གཞན་གྱི་མདོ་དང་། ལེམ།
197b3 རག་གི་མདོ་དང་། འཐུན་འཇུག་སྦྱོར་བའི་མདོ་དང་། དོན་དམ་ངེས་པའི་མདོའོ།། ལང་ཀའི་བདག་པོ་དེ་ལ་དགོངས་པ་གཞན་པའི་མདོ་བཞིག་ཤེ་ན་འདི་ལྟསྟེ། རང་བཞིན་དང་། དུས་དང་དོན་དང་། ཡུལ་ལ་དགོངས་པའོ།། ལང་ཀའི་བདག་པོ་ལ
197b4 རང་བཞིན་ནི་འདི་ལྟར། ཐེག་ཁྱད་པར་དུ་སྣང་བ་ལ་གང་དེ་ལྟར་རྟོག་བཞིན་པ་དག་གསལ་བའི་ཕྱིར་རང་བཞིན་ལ་དགོངས་ཏེ། དེ་གང་ཡིན་པ་ནི་འདི་ཉིད་དོ་ཞེས་གཅིག་ཏུ་ཞལ་གྱིས་རྩལ་བའོ།། ལང་ཀའི་བདག་པོ་དུས་ནི་འདི་ལྟར་སྟིར་ལུག་པ་གང་དག
197b5 མངོན་པར་སློབ་པ་སྐྱེད་པའི་ཕྱིར་གང་གི་རྒྱུ་འབྲས་མི་གྲུབ་ལ་དགོངས་ཏེ། བྱིན་འདའ་ཙམ་འདིས་མྱུར་བ་ཉིད་དུ་འགྱུར་རོ་ཞེས་སྟོན་པའོ།། ལང་ཀའི་བདག་པོ་དེ་ནི་འདི་ལྟར། གང་གིས་གང་ལཇོམ་སེམས་པ་དེ་ཡི་མུད་པ་བསའ་བའི་ཕྱིར་བ
197b6 གིས་མཐོང་ལམ་མ་ཐོབ་པར། དེ་ཉི་ལ་མཐོང་ལ་དགོངས་ཏེ། འདི་དག་ནི་དཔག་ཏུ་མེད་པའི་དམ་པསམ་བསྙད་པར་ཤེས་པར་མི་ནུག་སོ་ཞེས་སྒོའོ།། ལང་ཀའི་བདག་པོ་ཡུལ་ལ་དགོངས་པ་ནི་འདི་ལྟར་ག་དཔྱོབསག་རྩལ་གྱིས་ཆོག་པ་པ་ཛིན
197b7 པདག་བློ་སྐྱེ་པའི་ཕྱིར་གང་གི་ཕྱོགས་ཀུན་བཀོད་དེ་ཡོངས་སུ་བསྔགས་པ་བརྗོད་ཅིང་ཕྱོགས་གཅིག་གིས་མི་ཆོག་པ་ལ་དགོངས་སྟེ། སྔོན་དུ་གོམས་པའི་ཕྱོགས་ལ་སྨོད་པའོ།། ལང་ཀའི་བདག་པོ་དེ་ལ་ལྡེམ་པོ་དག་གིས་ད་ནི་འདི་ལྟ་སྟེ། སྦྱོར་བ་དང་།།
197b8 བྱ་བ་དང་། ཟིལ་གྱིས་གནོན་པ་དང་། སླུ་བའོ།། ལང་ཀའི་བདག་པོ་དེ་ལ་སྦྱོར་བ་ནི་གང་འདི་ལྟར་གང་སྐྲག་ཅིང་དདེངས་པ་དང་། ཚི་ཆད་པར་རྩོལ་བ་དང་། གང་མངོན་པར་ཞེན་པ་དག་ཅི་ལ་ཡང་མི་འཇུག་པ་དེ་དག་གང་གི་དོན་ལ་ངེས་པར་གཞུག་པའི
iiif viewer powered by OpenSeadragon
197a - 198a