| | e-texts navigator
|
197a1 གྲགས་པ་འི་གྲགས་པའོ། ། གང་གིས་ཚད་མ་ལྔ་ཚད་མ་ཉིད་དུ་སྣང་བ་ནི་ངས་པའོ།། ལང་ཀའི་བདག་པོ་དེ་ཡང་འདི་ལྟར་བྱང་བ་དང་། བརྟགས་དང་། གཅོད་པ་དང་། བྲལ་བ་དང་། སྣང་བསན་ཚད་མར་ངེས་པའོ།། དེ་ནི་མངོན
197a2 སུམ་དང་། དཔག་པ་དང་། མས་དག་པའོ།། ལང་ཀའི་བདག་པོ་མ་དག་པ་ནི་འདི་ལྟར་གཞན་དང་འཐུན་པ་དང་། མི་མཐུན་པ་དང་། ཐམས་ཅད་དང་འཐུན་པ་དང་མི་མཐུན་པ་དང་། གཞན་གྱི་དཔེ་སྦྱར་བ་དང་།། མ་གྲགས་པ་དང་། མ་ངེས་པ
197a3 དག་གོ། ལ་དཀའི་བདག་པོ་དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པ་མ་ཡིན་པའི་ཚད་མ་གཞན་དང་འཐུན་པར་དམིགས་པ་དང་། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ལ་སོགས་པ་ཇི་ལྟ་བ་ལྷག་པ་དང་། བདག་ལ་སོགས་པ་གཞན་དུ་དམིགས
197a4 དུདམིགས་ཏེ་ཕྱིན་ཅི་ལག་པ་ཞིར་བལྟ་བས་འདུས་མ་བྱས་ཀྱི་མཚན་ཉིད་དང་འཐུན་པར་དམིགས་པ་འདི་ནི་མཐུན་པའོ། ། ཚད་མ་གཞན་དང་མི་མཐུན་པ་དང་། ཡུལ་གྱི་མཚན་ཉིད་གཞན་དང་མི་མཐུན་པ་འདི་ནི་གཞན་དང་མི་མཐུན་པའོ།། ཐམས
197a5 ཅད་ཡིད་ཀྱི་བྱ་བ་དག་གོ་ཞེས་བྱ་བ་ནི་ཐམས་ཅད་དང་མཐུན་པའོ། ། མི་མཐུན་པ་གང་གཅིག་གི་མིམ་ཐན་པས་ཕན་ཚུན་མི་མཐུན་པ་ཞེས་བྱ་བ་འདི་ནི་མི་མཐུན་པའོ།། ལང་ཀའི་བདག་པོ་གཞན་ཡང་འཐུན་པ་དཔེ་དང་སྦྱར་བ་ལ་མི་མཐུན་པ་ཡོད
197a6 པས་དེ་ནི་མ་ངེས་པའོ་ཞེས་བྱ་བ་ནི་མ་གྲགས་པའོ། ། མི་མཐུན་པ་དཔེ་དང་སྦྱར་བ་ལ་མཐུན་པ་ཡོད་པས་དེ་ནི་མ་ངེས་པའོ་ཞེས་བྱ་བ་ནི་དེ་ཡང་མ་གྲགས་པའོ།། གང་མ་གྲགས་པས་གང་གིས་བརྟགས་པ་མ་དག་པའོ།། བར་རང་བཞིན་གྱིས་མ་དག་པ་ནི
197a7 མངེས་པའོ། ། ལང་ཀའི་བདག་པོ་དེ་དག་ནི་བསླབ་པའོ།། ལང་ཀ་བདག་པོ་ཆོས་ཉིད་གང་ཞེ་ན། གང་དུམ་བཅོས་པ་ཉིད་དོ།། ཡང་ཀའི་བདག་པོ་གང་དུ་བསྡུས་པ་དང་། རྣམ་པར་སྤྲོས་པ་ནི་ཐམས་ཅད་ཀྱང་བསྡུས་ཏེ་གཅིག་པ་ཁྱད་པར་གྱིས་སྐྱེས
197a8 མཐར་ཕྱིན་པའོ། ། ཡང་ཀའི་བདག་པོ་དམིགས་པ་ནི་འཛིན་པའོ།། རྣམ་ནི་དབྱེ་པའོ།། བྱང་ཆུབ་ནི་རང་བཞིན་ནོ།། གང་སྤངས་པས་གང་ཐོབ་པ་ན་འབྲས་བུའོ།། གང་ཆུབ་ཅིང་གང་ལ་བརྗོད་པ་ནི་བསྙད་པའོ།། གང་གི་ཕྱོགས་དང་མི་མཐུན་པན
iiif viewer powered by OpenSeadragon
196b - 197b