| | e-texts navigator
|
196a1 ཡོད་པ་དང་། སེ་བ་དང་། གནས་པ་དང་། བདེ་བ་དང་། ཉོན་མོངས་པ་དང་། ཡོངས་སུ་བྱང་བ་དང་། སྣ་ཚོགས་ད་བྱེད་པ་དང་ཁྱབ་དང་། རྒྱན་དོ།། ལང་ཀའི་བདག་པོ་ཐམས་ཅད་ཀྱི་དངོས་གཞི
196a2 ཞེན། དེམོངས་པ་ལ་སྣང་བ་འདི་ལྟ་སྟེ། བསྡུ་བ་དང་། འཇུག་པ་དང་།། ལག་དང་། ཆོས་སོ།། ཡོངས་སུ་དག་པ་ལས་སྣང་བ་ནི་འདི་ལྟར་འདོགས་པ་དང་། རྩོལ་བ་དང་། གནས་དང་། བདེ་བ་དང་། ཐབས་དང་། ཤེས
196a3 པ་དང་། ཤེནས་དང་། ནན་ཏན་དང་། ང་རྒྱལ་མེད་པ་དང་། བག་ཆགས་དང་། མངོན་དུ་བ་བ་དང་། བསྒོམ་པ་དང་། སྙིང་པོ་དང་། རྣམ་པ་དང་། དམིགས་པ་དང་། དཔྱོད་པ་དང་། གཡེང་བ་དང་། མི་གཡེང་བ་དང་།
196a4 བརྩལ་བ་དང་། ཡོན་ཏན་དང་། བརྟན་པ་དང་། བསྡུ་པ་དང་། ལེགས་བསྔབ་དང་། རྟོགས་པ་དང་། ཐེག་པར་བྱ་བ་དང་། སྲིད་ཕྱིན་པ་དང་། ཡོངས་སུ་བྲི་བའོ།། ལང་ཀའི་བདག་པོ་དེ་དག་ནི་དངོས་གཞིའི་ཡན་ལག་ཅེས
196a5 བྱའོ། ། ལང་ཀའི་བདག་པོ་དེ་ལ་བཟུང་བའི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། བླང་བ་དག་ཕམ་པ་དང་། ལྟུང་བ་དང་། རང་བཞིན་དང་། མེད་པའི་རང་བཞིན་དང་། འབྱུང་བ་དང་། ཡོངས་སུ་གཏང་བ་ཁོ་ནར་ཤེས་པར་བྱ
196a6 ལང་ཀའི་བདག་པོ་དེ་དག་ནི་གཟུང་བའི་ཡན་ལག་ཅེས་བྱའོ། ། ལང་ཀའི་བདག་པོ་དེ་ལ་མཚན་ཉིད་ཀྱི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་དང་། དམ་པ་དང་། དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་། འབྲས
196a7 བསྐུར་པ་དང་། བར་དུ་གཅོད་པ་དང་། འཐུན་པ་དང་། ཉེས་དམིགས་དང་། ཡོན་ཏན་ནོ།། ལང་ཀའི་བདག་པོད་ལ་ཀུན་རྫོབ་གང་ཞེ་ན། འདི་ལྟ་སྟེ། གང་ཟག་དང་། བརྟགས་པ་དང་། ལུས་སུ་བསྟན་པའོ།། ལང་ཀའི་བདག་པོ་དེ་ལ
196a8 པ་གང་ཞེ་ན། འདི་ལྟ་སྟེ། བྲལ་བ་དང་། བརྟན་པ་དང་། རྫོགས་པའོ།། དམིགས་པ་ནི་ཐམས་ཅད་དུ་བརྟན་པའོ།། རྣམ་པ་ཐམས་ཅད་དུ་བརྟགས་པ་སྟེ། བདེན་པ་དང་། གཞག་པ་དང་། ཉེས་པ་དང་། ཡོན་ཏན་དང་། ཚུལ
iiif viewer powered by OpenSeadragon
195b - 196b