| | e-texts navigator
|
195b1 སུ་ཚོགས་ན་བརྗོད་པ་འབྱུང་བ་ཉིད་ལ་བྱ་སྟེ། ཆད་མ་དང་། བློ་གྲོས་དང་། འཛིན་པ་དང་། མཆོད་རྗེ་དང་། འདུས་པ་དང་། ངེས་པའོ།། སྨིན་པའི་ཡན་ལགནི་ག་ངམ་པར་ལྡན་པ་འཇུས། ག་ཤན
195b2 འདི་ག་སྟེ། བང་ཆུབ་ཀྱི་ཡན་ལག་དང་།། ལམ་གྱི་ཡན་ལག་གོ།། ལང་ཀའི་བདག་པོ་སྦྱོར་བའི་ཡན་ལག་ནི་ཡུལ་ལ་སྦྱོར་བ་སྟེ། གང་བློའི་ཡུལ་ལ་སྦྱོར་བ་དང་། སྙིང་རྗེའི་ཡུལ་ལ་སྦྱོར་བའོ།། ལང་ཀའི་བདག
195b3 རིལ་བ་ཡུལ་སྤོར་བ་ནི་གང་བློ་གྲོས་འབྲང་བའི་ཆ་བ་གླེང་སྤོང་བ་ལ་སྦྱོར་བ་དང་། བློ་གྲོས་རྙེད་པའི་རྩ་བསའི་ཁྱད་པར་ལ་སྦྱོང་བ་དང་། བློ་གྲོས་ངེས་པའི་རྩ་བ་རྣམ་པར་ཐར་པལ་སྦྱོར་བ་དང་། བློ་གྲོས་གཞག
195b4 རྩ་བ་དེ་འོན་ཉིད་ལ་སྟོང་བའོ། ། ལང་དཀའ་བདང་པོ་སྙིང་རྗེའི་ཡུལ་ལ་སྦྱོར་བ་ཡང་འདི་ལྟ་སྟེ། གང་གི་ཧྲལ་སྤོང་བ་དང་། འབྲས་བུ་ལ་སྤོར་བ་དང་། དེ་དག་རང་བཞིན་ལ་སྦྱོར་བའོ།། ལང་ཀའི་བདག་པོ
195b5 དེ་ལ་འབྲས་བུའི་ཡན་ལག་ནི་གང་དང་འབྲེལ་བའི་དགེས་ཆེད་དམ་པ་འབྱུང་བ་སྟེ། ཐོབ་པ་དམ་པ་དེ་ཁོ་ན་ཉིད་དོ།། ལང་ཀའི་བདག་པ་དེ་ལ་དངོས་གཞི་ཡན་ལག་ནི་གང་གི་དགོངས་པ་ངེས་པར་འབྲེལ
195b6 པ་སྟེ། གང་ཞར། འདི་ལྟ་སྟེ། གང་ལ་ཆོས་རྣམས་ཀྱིས་དངོས་གཞི་གསུམ་དུ་བསྡུ་བ་སྟེ། གསུམ་གང་ཞེ་ན། རང་བཞིན་དངོས་བཞི་དང་། རྩ་བའི་དངོས་གཞི་དང་། ཐམས་ཅད་ཀྱི་དངོས
195b7 གཞིའོ། ། ལང་ཀའི་བདག་པོ་དེ་ལ་རང་བཞིན་གྱི་དངོས་བཞི་ག་ཤེ་ན། འདི་ལྟ་སྟེ། ཐོས་པ་དང་། དད་པ་དང་། གཟུང་བ་དང་། ཆུབ་པའོ།། ལང་ཀའི་བདག་པོ་རྩ་བའི་དངོས་གཞི་གང་ཞན། འདི་ལྟ་སྟེ།
iiif viewer powered by OpenSeadragon
195a - 196a