| | e-texts navigator
|
185b1 བདག་པོ་ཡོངས་སུ་རིབ་ཆེན་པོ་འདི་ནི་ལེགས་སོ། ། རབ་ཏུ་ལེགས་སོ།། གང་ཅི་ཡང་མེད་པ་ལས་ཀྵི་ཡང་སྣ་ཚོགས་ན་འདི་ནི་དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། གྲོང་ཁྱེར་ཆེན་པོ་གསུམ་གྱི་ཆེད་དུ་མཛད་པ་ཐ་དད་པར་སྡང་བ་འབའ་ཤིག་གོ།།
185b2 ཁྱེར་གསུམ་གང་ཞེ་ན་འདི་ལྟ་སྟེ།། བྱེད་སྣང་། གྲོང་ཁྲིར་དང་། ཀུན་སྣང་གི་ཟོང་ཁྱེར་དང་། མི་སྣང་བའི་གྲོང་ཁྱེར་རོ།། ལང་ཀའི་བདག་པ་གྲོང་ཀྱིར་གསུམ་ཉིད་ཆོས་ཉིད་ཡིན་པས་ན་དེ་ལ་ནི་ཆོས་ཀྱི་དབྱིངས་ཞེས་བྱའོ།། དེ་ཅིའི་ཕྱིར་ན།
185b3 ཆོས་ཀྱི་དབྱིངས་གང་ཡིན་པ་དང་།། ཟོང་ལྟར་གསུམ་གྱི་རང་བཞིན་གང་ཡིན་པ་འདིར་གཅིག་པའི་ཕྱིར་ཏེ། ཐམས་ཅད་འབྲང་བའི་སྒོ་ང་། གནས་སུ་བུར་བ་ཁོ་ནའོ།། ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་ཀློག
185b4 སྤང་བ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་དང་། རིག་པའི་སྒོ་དང་། གསང་བའི་སྒོའོ།། ལང་ཀའི་བདག་པོ་གཟུངས་ཀྱི་སྒོ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་གསུམ་སྣང་བ་མཛད་པ་ནི་འདི་ལྟ་སྟེ། དེ་ཉིད་ཀྱི་རྐྱེན་གྱིས་ཞི་གནས་དང་། དེ་འཛིན
185b5 རྒྱན་གྱིས་ལྷག་མཐོང་དང་། དེ་འཇུག་གི་རྟེན་གྱིས་ལས་མཐའོ།། ལང་ཀའི་བདག་པོ་རིག་པའི་སྒོ་ལ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་གསུམ་སྣང་བར་མཛད་པ་ནི་འདི་ལྟ་སྟེ། མི་སྣང་བའི་ཆེད་དུ་ཞི་གནས་དང་། སྡང་བའི་ཚེ
185b6 བུ་ལྷག་མཐོང་དང་། ཞེན་པའི་ཆེད་དུ་ལས་མཐའོ།། ལང་ཀའི་བདག་པོ་གསང་བའི་གྲོལ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་གསུམ་སྣང་བར་མཛད་པ་སྡང་བ་འདི་ལྟ་སྟེ། མེ་སྣང་བའི་ཆེད་ངུའི་གནས་དང་། སྣང་བའི་ཆེང་དུ་ཀྵ
185b7 མཐོང་དང་། ཉན་པའི་མེད་ངུ་ལས་མཐའོ།། ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དདུ་སངས་རྒྱས་གསུམ་སྣང་བ་མཛད་པ་ནི་འདི་ལྟ་སྟེ། མི་སྡང་བའི་ཆེད་དུ་འདུས་མ་བྱས་ཀྱི་སངས་རྒྱས་དང་། སྣང་བའི་ཆེད་དུ་འདུས་བྱས
185b8 སངས་རྒྱས་དང་། ལེན་པའི་ཆེད་དུ་གཟུགས་ཀྱི་སངས་རྒྱས་དང་གསུམ་མོ།། ལང་ཀ་བདག་པོ་གྲོང་ཁྱེར་གསུམ་གྱི་རྐྱེན་གྱིས་སེམས་ཅན་གསུམ་སྟེ། དེ་ཉིད་གོལ་བའི་རྐྱེན་གྱིས་གཟུགས་མེད་པའི་སེམས་ཅན་དང་། དེ་འཛིན
iiif viewer powered by OpenSeadragon
185a - 186a