| | e-texts navigator
|
185a1 བདག་པོ་ལ་སོགས་པ་མངོན་དུ་སྣང་བའི་སེམས་དཔའ་དམན་པའི་ལུས་ཅན་རྣམས་གང་དུ་མ་ངེས་པའི་སོ་མ་ཉི་ཡོངས་སུ་ཆད་པར་གྱུར་ཏོ། ། སངས་རྒྱས་ཀུན་བི་དགོངས་པ་འདུས་པའི་མད་ཆེན་པོ་ལས་སྔོན་དབྱུང་བ་གཏམ་ཆུ
185a2 ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ། ། །། ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་བཟུད་པ་ཐབས་ཀྱིས་ཟགས་པ་ན་ཡང་བུད་བྱ་བ་གཏམ་ཆུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱ་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱང་ཚུལ
185a3 བསྟན་པ་བཅད་པའོ། ། །། དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་དུ་བུད་པའི་ཚིག་པར་གཉིས་པའི་དགུ་པ་གང་གི་ཆེད་དུ་མཛད་པ་ན་ཡང་བུར་ཞེས་པ་བྱུང་བའི་དྲི་བ་ཡོངས་སུ
185a4 རིག་ཀྱི་གསང་བའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་ཆུད་དུ་བརྗོད་པའི་སྐབས་སུ་གང་གི་ཆེད་དུ་མཛད་པ་ན་ཡང་བླང་ཞེས་བཀོད་པ་དེ་ཇི་ལྟ་ཇི་ལྟར་མཛད་དེ་ཡོངས་སུ་གྲགས་པ་ལགས། ཀླས་པ།
185a5 ལང་ཀའི་བདག་པོ་གང་མ་བཅོས་པ་དེ་ཁོ་ན་བཞིན་མཛད་པ་ལ་བྱའོ།། སྨྲས་པ། གསང་བ་པའི་བདག་པོ་གོང་མ་བཅོས་པ་དེ་ཁོ་ན་བཞིན་དུ་མཛད་པ་དེ་གང་ལགས། སྨྲས་པ། ལང་ཀའི་བདག་པོ་ཆེས་རྣམས་ཀྱི་ཆོས་ཉིད་དེ་ལེ་ན་ཉིད་ལ་བྱ
185a6 སྨྲས་པ། གསང་བ་པའི་བདག་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལ་ནི་སངས་རྒྱས་ཀྱང་མེད། སེམས་ཅན་ཡང་མེད། ཕོ་མོ་ཡང་མེད། རིགས་རྗུད་ཀྱང་མེད།། གཟུགས་མེད། བསྟན་དུ་མེད། མཚོན་དུ་མེད།། དཔེ་ཡང་མེད། མཟང་བ
185a7 ཡང་མད་དེ། དཔག་པར་རབ་ཏུ་དཀའ་ལ་གང་གིས་རྟོགས་པར་ནུས་པ་མ་ཡིན་ནོ།། གསང་བ་པའི་བདག་པོ་གང་ཅི་ཡང་མེད་པ་ལས་སངས་རྒྱས་དང་། སེམས་ཅན་དང་། པོ་སོ་དང་། རིགས་ཆུང་དང་། གཟུགས་སྣ་ཚོགས་དང་། བསྟན་པ་སྔ
185a8 ལྡན་པ་དང་། དཔེ་ཐ་དད་པ་དང་། མཛད་པ་སྣ་ཚོགས་དང་། རྗེས་སུ་དཔག་པ་ལ་སོགས་པ་ཇི་སྙེད་པ་མང་པོ་འདི་དག་གང་གི་ཆེད་དུ་མཛད་པ་སྣང་བ་ལགས་ཞེས་ཡོངས་སུ་དྲིས་པ་ལས། གསང་པ་བའི་བདག་པས་སྨྲས་པ། ཀྱེ་ལ་ཀའི
iiif viewer powered by OpenSeadragon
184b - 185b