e-texts navigator
Collection
Volume
Page
Wylie

183b1 བསྐྱོད་པ་དང་། ། འབྲུང་ཆེན་ལུས་ལས་སྤྲུལ་པ་དང་།། རི་བོའི་དགས་དང་འཕང་བ་དང་།། ཡུན་གྱི་ཚེལ་གནས་པ་ཐོབ།། རྒྱལ་མཚན་རྩེ་མོའི་ཏོག་བཞིན་དུ།། མཐོང་བ་དག་གི་ཆོས་ཉིད་དེ།། བསལ་པར་ནུབ་པར་མ་ཐུར་ཏེ།
183b2 དེ་འདིའི་ཚུལ་དྲུང་འཇུག་པར་གྱིས།། གཞན་ཡང་གསང་བདག་འདི་ལྟ་སྟེ།། མཐོང་བས་ཆོས་འདི་ཡོངས་དག་པ།། ཡེ་ཤེས་སྒྲོན་མའི་མིག་རྙེད་ནས།། པྲ་མེད་སྙིང་པོ་ཅན་རྣམས་ཀྱི།། ལམ་རྙེད་ལམ་དུ་ཞུགས་པ་ཡི
183b3 ཡང་ཇིལྟ་བུའི་ན། ། འདས་པའི་འདུས་ན་སྔོན་བྱང་བ།། ཐེག་ཆེན་གསང་བར་དབངས་པ།། ལྷན་གྲུབ་རྩལ་ཆེན་རྫོགས་པ་ཡི།། རིགས་ཆེན་འཛིན་པའི་ས་ཉིད་ཐོག།། དེ་འདྲའི་ཚུལ་བྱུང་མཐོང་བར་གྱིས།། གཞན
183b4 ཡང་གསང་ཆེན་འཛིན་པ་ཉོན། ། གང་དག་ཐེག་ཆེན་མངོན་སྤྱོད་ལ།། དགའ་བས་རྗེས་སུ་ཡི་རང་བས།། དེ་ནི་དེ་དང་འདྲ་བ་སྟེ།། འབྲས་བུ་དག་ལ་མཐོ་དམན་མེད།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། རྒྱལ
183b5 པོ་དབང་ཕྱུག་འོད་ལྡན་པ། ། རྣལ་འབྱོར་ཅན་གྱི་འཁོར་དང་པོཅས། ཐེག་རན་ཟབ་པོའི་དོན་ལ་ཞུགས།། གསང་སྔགས་གསང་བའི་བྱིན་རླབས་དག། ངོ་མཚར་ཆོ་འཕྲུལ་མང་པོ་རྣམས་ཐོག་མ་ཀུན་ཏུ
183b6 གནས་པར་འགྱུར། ། དེ་ལས་གཞན་པའི་རྣལ་འབྱོར་པ།། བྲམ་ཟེ་དགེ་སློང་བྱ་བ་ཞིག། ཤིན་ཏུ་དགའ་བའི་སེམས་བསྐྱེད་དེས།། དམ་པར་ངེས་པའི་བསླབ་པ་བུས།། བྱིས་པའི་སྤྱོད་ཡུལ་མ་ཡིན་ཕྱིགགསང་ཆེན
183b7 ས་བར་རབ་ཏུ་གསུངས། ། བྲམ་ཟེ་མ་ལོ་གཡོ་བྱད་དག། དེ་ལ་དེ་བསྔོས་དག་པར་སྦྱར།། སྐྱེས་བུ་དམ་པ་དེ་ཡུལ་དུ།། ཡིད་ཀྱིས་ཕྱོགས་དང་སྨོན་པར་བརྗོད།། འདི་ལ་མོས་པའི་བྱིན་དྲབས་ཀྱིས། སྙིང་པོར་ངེསས་རྙེ་དམ་པ
183b8 ས་སུ་ཡི་རང་དམ་པ་གཉིས། ། ཐོབ་པ་མཉམ་པ་ཉིད་དུ་གྱུར།། འདི་ལྟར་ཚེགས་མེད་དོན་པོ་ཆེ།། ཐབས་ལ་མཁས་པའི་རིགས་ཆེན་འཛིན།། དེ་འདྲའི་ཚུལ་བྱུང་མཁས་པར་གྱིས།། གཞན་ཡང་གསང་འཛིན་འདི་ལྟ།




iiif viewer powered by OpenSeadragon

183a - 184a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo