e-texts navigator
Collection
Volume
Page
Wylie

182b1 ཏེ་མཐའ་ཡས་ཆོག། ཐམས་ཅད་འཁོར་བའི་ལམ་པད་ཝང་།། དེ་ས་ན་གས་བའི་སྙིང་པོ་འདི།། གོ་ལས་ཆེ་བར་རྒྱལ་བས་བཤད།། དེས་ན་ཐབས་ལ་མཁས་པ་དང་།། བློ་གྲོས་དམ་པཤིན་དུ་གཅེས་ཐབས་པ་ཁས་ཐེ་གྲོས་ལྡན
182b2 ལ་ཡི། ། ངེས་པར་ལེགས་པའི་རྣལ་འབྱོར་པ།། སྔོན་འདས་དུས་ན་ཐུང་བ་ཡི།། རྩལ་ཆེན་རྣམས་ཀྱི་བཅད་རྒྱུད་འདི།། སྐྱེས་བུད་མ་པའི་སྤྱོད་ཡུལ་ཏེ།། ཡོན་ཏན་ས་བསགས་སུས་ཐོས་པ།། མིང་ཙམ་གྱིས་ཀྱང་བདེ་ཐོབ་ཅིང་།། དྲན་པས
182b3 ངན་འགྲོ་ལས་སྐྱོབ་ཡིན། ། དེ་ཡང་ཇི་ལྟ་བུ་འིར།། ཤིན་དུ་ཤིང་བའི་སྙིང་པོ་འདི།། མབླང་བ་ཡི་སྔོན་དུས་ན།། ལྷ་ག་ནས་གསུམ་དུ་གྲགས་པ་ལས།། ལྷའི་བུ་མེ་དོད་ལྡན་ཏེ།། དེ་དགའཆི་བའི་དུས་པ་ན་སྔོན་བྱུང་སྔ་ལྟས་བྱང
182b4 པ་ན། ། མི་བདེ་བ་དེ་འདུ་ཤེས་གྱུར།། མ་འོངས་འདུ་ཤེས་ན་ག་པ་ལས།། མིག་ཀྱང་ཟས་ཀྱིས་འཚོ་བ་ཡི།། སྲོག་ཆགས་བླུན་པའི་ལུས་ལེན་པར།། རང་གི་མངོན་པར་ཤེས་པས་མཐོང་།། ཤིན་ཏུ་སྡུག་པའི་འདུ་ཤེས་ཀྱིས།།
182b5 སྐྱབས་ཀྱི་རུལ་དེ་ཡིད་ལ་བྱས།། གང་དང་གང་དྲན་མ་བྱུང་བར་།། ཐེག་ཆེན་གསང་བའི་སྙིང་པོའི་མཚན།། ཚིག་གིལ་པ་གྲགས་པ་བཞིན།། ཐོས་པ་ཡིད་ལ་བྱས་པ་ཡིས།། ངན་འགྲོང་འགྲོ་ལས་སྔར་ལོག་སྟེ།། བདེ་ཆེན
182b6 གནས་སུ་འཁོད། དེ་འདྲའི་ཚུལ་བྲང་དེ་བཞིན་སྟོར།། གཞན་ཡང་གསང་བའི་བདག་པོ་ཉོན།། ཐེག་ཆེན་གསང་བར་རབ་དེས་ན།། ནམ་སྨིན་དྲག་པས་གར་འཕངས་ཀྱང་།། ཇི་ལྟར་པོ་སོང་བརྡབས་པ་པའི་འཕེན་འགྲོ་དེན
182b7 གྱིས་དེར་མི་གནས། ། ཅི་ཕྱིར་ཐམས་ཅད་སྟོང་ཉིད་པས།། སྡུག་བསྔལ་གནས་སུ་བཅས་དེ་ཡང་།། སེམས་ཅན་བཅས་ཏེ་སྟོང་པའི་ཕྱིར།། ངག་འགྱུར་མྱོང་བར་འགྱུར་མ་ཡིན།། དེ་ཡང་ཇི་ལྟ་བུ་ཞེ་ནས་འདས་པའི་དུས་ན་སྔོན་བྱུང
182b8 དམིགས་པ་ཅན་གྱེན་ལ་འབྱོར་པ། ། ཐེག་ཆེད་ཟབ་པོའི་ཆོ་ག་ཐོས་པས།། ཤིན་ཏུ་སྐྲག་ཅིང་དདང་འགྱུར་ཏེ།། སྐུར་བཏབ་རྒྱབ་ཕྱོགས་གླེང་ངལ་ནས།། ངུ་འབོད་གནས་ལྗང་མ་པྱོད་པར།། པད་འགྲོ་ཐར་པའི་གནས་སུ་ཐོན།།




iiif viewer powered by OpenSeadragon

182a - 183a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo