e-texts navigator
Collection
Volume
Page
Wylie

180b1 ཚུལ་མ་ཡིན་འདིར་བདེས། ། གཡོ་བླས་བདེན་འདྲར་བཅོས་ལོག་ག་མ།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། བསྐལ་པ་ཀུན་བཀོད་བྱ་བ་ལ།། སངས་རྒྱས་མངོན་འབྱུང་རྒྱལ་ཟེ་རེ།། མྱ་ངན་འདས་པར་གྱུར་འོག་དུ།། བྱུང་བ
180b2 རལ་འབྱོར་བཟང་ལྡན་དེ། ། མི་ཤེས་བྱས་པའི་འཁོར་རྣམས་ལ།། ཚུལ་བཅོས་ལོག་པའི་སྔགས་བསྟན་པས།། ལྔ་བརྒྱའི་འཁོར་དང་བཅས་པ་དེ།། དོན་ལས་གོལ་ཅིང་འཁོར་བར་ལོག། དེ་འདྲའི་ཚུལ་འབྱུང་དེར་མ་སྤྱོད།། གཞན་ཡང
180b3 གསང་པའི་བར་བ་པོ་ཉར། ། རྨད་འབྲུང་གསང་བའི་མིང་པོ་འདི།། རལ་འབྱོར་དབང་རྔུར་ཚད་མད་མས།། བལ་ཆར་མ་གནས་སྐབས་དག་དུ།། ཡེ་ཤེས་དམ་གཅན་རྣམས་ཀྱིས།། ལཾགབཏགས་དོན་སླད་གཞུང་པོར།།
180b4 རེ་པས་བདག་ཉིད་སུན་འབྱིན་ཅིང་།། འདི་ཡིན་གཞན་རྟོགས་མ་ཡིན་ཞེས།། བདག་བསྟོད་གཞན་ལ་སྤོད་པ་ལོག། དེ་ཡང་ཇེ་ལྟ་བུ་ཞེ་ན།། བསྐལ་པ་དེ་ཡི་དུས་ཉིད་ལ།། རྣལ་འབྱོར་དཔས་བྱིན་བྱ་བཞིག། དོན་ལ་བློ་ཤེད་མ་བྱེད་ནིང་།
180b5 ཆོས་ཀྱི་ཐབ་པ་ནི་མི་མཁས་པས།། བློ་གྲོས་ངེས་པའི་གཞུང་བོར་ནས།། ཆོས་མ་ཡིན་པའི་ཆོས་སྤྱོད་ཅིང་།། ངེས་པའི་ཐོས་ལྡན་གཞན་དག་ལ།། དེ་ལྟར་མ་དྲེས་བློ་བས་ནི།། བདག་གི་བློ་ཟོས་འདི་ཡིན་ཞེས།། མངོན་པའི་ང་རྒྱལ་ཆེར་སྤྱོད
180b6 པ། ། འདི་ནི་སྲིད་པ་ལོག་པའི་ལམ།། དེ་འངའི་ཚུལ་བྲུད་དང་མ་སྤྱོད།། གཞན་ཡང་གནོད་འདུལ་འདི་ལྟ་སྟེ།། སྔར་བྱུང་རྒྱུད་ཀྱི་རྫས་གནས་པས།། རྡད་མེད་བཞིན་དུ་དཔོན་བསྟབས་ནས།། ཚིག་གཉེར་དྲེགས་པའི་དབང་ངེས་ནི།། མི་ཤེས
180b7 བཞིན་དུངས་སྤྱོད་པ། ། ཚུལ་འཆོས་སེམས་ཀྱི་གྱ་བྲུ་ཅན།། སྨོན་ཐབས་བླུན་པོ་སྡིག་ཅན་ཡན།། དེ་ཡང་ཇི་ལྟ་བུ་ཞེན། འདས་པའི་དུས་ན་སྔོན་བྱུང་བ།། ཀུན་བཀོད་གྲགས་པ་དེ་ཉིད་ལ།། ཚུལ་བརྟགས་འཛིན་པའི་རྣལ་འབྱོར་པ།། དྲི་མེད་སྤྱོད
180b8 ཅེས་བྱ་བ་ཞིག། སྔར་བྱེད་མཁས་པ་རྗེས་སུ་གནང་།། ཕྲག་བཅུའི་འཁོར་རྣམས་ཀྱིས།། རྨད་ཀྱི་རྗེས་སུ་ཟུང་བ་ཡི།། དོན་པདདལ་འབྱོར་ཉིད་ལ།། ཚིག་གིའུར་ཆེན་ལྡང་པ་པ་ནས།། རེགས་རྒྱུད་འཛིན་པར་དཔོན་བསྐབས་།




iiif viewer powered by OpenSeadragon

180a - 181a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo