e-texts navigator
Collection
Volume
Page
Wylie

179b1 ཞིང་། ། དེ་ཡི་སེམས་དག་མ་བྱུང་ན།། སངས་རྒྱམས་ལ་དེས་བཞག་ཀྱང་།། དེ་ཉིད་མཐོང་བ་དམྱལ་བའི་གནས།། དེ་རིག་དེ་ཡི་དོར་ལྡར་ན། དམལ་ཆེན་དེ་དག་ཞིང་ཁམས་དག། གསང་བའི་སྙིང་པོ་ཀུན་ཁྱབ་ཀྱང་།། དེ་རིག་དེ་དང་མ་ལྡན་ན།། ལོང་བིའི
179b2 མདུན་དུ་གཟུགས་བསྟན་ལྟར། ། གཏི་མུག་འཁོར་བའི་མུན་པ་ཡིན།། དེ་སྐད་གལ་དུ་དྲིས་པ་ལས།། ཚངས་པའི་འདོཅས་བྱ་བ་ཡི།། རྣལ་འབྱོར་དམ་པ་ཐེག། ཆེན་པོས།། རྣལ་འབྱོར་མོས་པ་ཆུང་སྤོང་བ།། གྲགས་པའི་ཚུལ་ལྡན་བྱབས།
179b3 དམ་པར་ངེས་པའི་ཚིག་སྨྲས་པ།། གང་འདིར་མོས་བཅུད་འཛིན་གྱི།། གྲགས་པའི་ཚུལ་འཛིན་བྱ་བ་བྱོད།། སྔ།། ས་སྙིང་པོའིང།། སངས་རྒྱས་ཉིད་འདིས་གཏོགས་པ།། གང་གི་སྤྱོད་ཡུལ་མ་ཡིན་པས།། ཚུལ་འདྲ་ཙམ་གྱིས་མི
179b4 འགྲུབ་པོ། ། གང་འདིར་དང་པོས་འདོད་རུས་ན།། དེ་ཉིད་དེ་ལ་དེར་ལྟས་ན།། དེ་ལ་དེ་སྤྱོར་དེ་ཉིད་དེ།། དེ་དག་ཙམ་ནི་ཐེག་ཚད་ཡིན།། གང་འདིར་ཟག་པ་མང་བཤད་པ།། ཐ་དད་ཡོད་པ་མ་ཡིན་ཏེ།། མོས་པཐ་དང་དྲང་བའི་ཕྱིར།། ཐབས་ཀྱི་སྒོ་ནི
179b5 མང་པོར་བཤད། ། དཀུན་མོས་པ་མ་བཀག་པའི།། དྲན་པའི་ཐབས་སུ་སྦྱར་བས་ན།། ཀུན་ལ་ངེས་པའི་བུ་མི་བཞག། གང་དུ་ངེས་པ་གཅིག། ཉིད་ལའོ།། ཀུན་ཤོང་ཀུན་འཇུག་འདི་བདེ་བས།། ཐེག་ཆེན་པོ་བརྗོད་པ་ཡིན།། ཐེག་པ་ཆེ་དང་བབས
179b6 པ་པས། ། ཐམས་ཅད་གང་ཡང་འགོག་པ་མེད།། གང་མི་འགོག་པར་འཇུག་ལམ་བདེ།། བདེ་བ་ཉིད་ལ་སྨད་པར་སྭ།། ཐབས་དང་ཐེག་པའི་བྱེ་བྲག་རྣམས།། སོ་སོ་མི་འཐུན་ཐ་དད་ཀྱང་།། ཐབས་ཀྱི་ངེས་པ་སྤྱོད་པས་ན།། ངེས་པ་ཉིད་ན་ཁྱད་པར་མེད།།
179b7 དམ་ཚིག་བསླབ་པ་སྣང་བ་དང་།། ལཱ་བསྣ་ཚོགས་ཐ་དད་ཀུན།། དུད་འགྲོ་ཡི་དགས་མི་ཡིན།། མགས་མེད་དུ་བྱེད་ལ་སོགས།། བྱི་ན་ཀྱི་ལན་ཏུ་ལྟས་པ་རྣམས།། དམ་པའི་དོན་ལ་གཟུང་བའི་ཕྱིར། རྣམ་པ་སྣ་ཚོགས་ང་ཀྱང་།
179b8 ཡང་ཉིད་རྡོ་རྗེར་གཅིག་དགོངས་ནས།། སྣ་ཚོགས་ཀུན་དང་འཐུན་འཇུག་ཕྱིར།། སྦྱང་ནས་པ་སྟེན་སྲིད་དྲང་བ་དང་།། ཁྲིད་པའི་ཐབས་སུ་སྤང་བཟད།། འཇིག་ཏན་ཀུན་གྱི་དམན་པ་རྣམས།། སྣ་ཚོགས་དམ་པར་དྲང་བའི་ཕྱིར།། དམན




iiif viewer powered by OpenSeadragon

179a - 180a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo