e-texts navigator
Collection
Volume
Page
Wylie

178a1 ལྟ་བུཞེན། ། འདས་པའི་དུས་ན་སྔོན་བྱུང་བ།། ལོག་པའི་སྟོབས་ལྡན་ཡ་མཚན་ཅན།། ལོ་གཞན་སྡུག་བསྔལ་ལླི་གཙུག་པའོ།། ཨེ་མའོ་དྲེ་བརྡ། མི་གྲོལ།། ཅི་ཕྱིར་འོང་བའི་འདུས་རྣམས་སུ།། བཡོ་ཅན་བཅོས་བཱི
178a2 གསཔརིག་གིས། ། དྲི་མེད་གསང་བའི་བསྟན་པ་རྣམས།། དཀྲུགས་འགྱུར་བཀའ་བ་སླད་གཞུང་པོར་ན།། དོན་མེད་ལོག་ཚེས་རྒྱས་པར་འགྱུར།། གཞན་ནས་བྱུང་བ་མ་ཡིན་ཏེ། རྩ་བ་ཉིད་ལས་གྱུར་པར་ཟད།། དེ་ཡང་ཇི་ལྟ་བ་ཞེ་ན།།
178a3 ལདས་པའི་དུས་ན་མངོན་རུང་བ།། འདི་པར་ལ་གྱུད་པ་སྨད་པ་ཅན།། དེ་རྒྱུད་ངན་པས་དེ་ཉིད་བསླད།། ང་ཡི་ཡིད་བཞིན་ནོར་བུ་འདི།། ཅིར་ཡང་སྟོན་ལ་དངག་དཀའི་ཕྱིར།། མ་འོངས་དུས་ན་ལོག་སྤྱོད་ཀྱིས།། ལོག་བརྟག་ས་ལེག་སྡེ་མང་པོ
178a4 འཐུང་། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། ལམ་ལོག་ལ་མ་སྟོར་ལ་མཉེས་པ།། ལོག་ཞེན་ལོག་སྡེ་དྲུག་བརྒྱུད་པའོ།། གང་ལ་ལོ་གཞན་ལོག་དབང་གིས།། ལོག་ཟློས་ལོག་མཐོང་གཙོར་བཟུང་ན་ལ་སྒོ་ཀུན་དུ་མི
178a5 འཇུག་ཅིང་། ། རྨོངས་པའི་ལྟ་བས་བརྟན་པར་གནས།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། ལོག་ལྷ་གཅིག་ཏུ་ཞེ་ན་སེམས་གཎར་ཀ་ནག་པོ་ཀུན་རྨོངས་པའོ།། གང་འདིར་བཅིང་པ་ལྔས་བཅིངས་ནས།། རང་གི
178a6 པའི་ཐབས་བཟུང་སྟེ། ། ཏེ་ག་དཔྱོད་ཙམ་ཡང་མི་འཇུག་པ།། གླང་ཆེན་མོས་པ་རྨོངས་འདྲ་འབྱུང་།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། བདག་ཉིད་གཅིག་པུར་ཆོས་སྨྲ་བ།། ལོག་ཕྱོགས་གཅིག་པུར་སྤྱོད་པའོ།།
178a7 གང་དུ་དམུས་ལོང་ལ་མ་ཞུགས་པ།། ཡིད་ཀྱིས་གོམ་པའི་ཆད་དཔགས་ནས།། ཉམ་ངའི་ལམ་དུ་ཆུག་པ་ལྟར།། ཚོང་དཔགས་ཙམ་ལ་གཙོར་འཛིན་འབྱུང་།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། གང་དུ
178a8 མུན་པས་ཟིན་པ་ཡི། ། བརྟུལ་ཞུགས་མཆོག་འཛིན་ལྔ་སྡེ་པའོ།། ལུང་མེད་རྣལ་འབྱོར་སྒོམ་པ་དང་།། ཆོས་མེད་ཆོས་སུ་སྨྲ་བ་དང་།། སྡིག་ཅད་སྨོན་པའི་བརྟུལ་ཞུགས་ལ།། དཔའ་བརྟུལ་སྤྱོད་པ་ཆེར་སྤྱོད་འབྱུང་།། དེ་ཡང་ཇི་ལྟ་བཞེན




iiif viewer powered by OpenSeadragon

177b - 178b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo