| | e-texts navigator
|
177b1 རྟགས་དེ་ཟིན་པར་བྱེད། ། ཐེག་པ་ཆེན་པོའི་གསང་སྔགས་འདི།། འཐུན་འཇུག་ཐབས་ཀྱི་སྒྲར་བསྟན་པས།། ཕྱི་རོལ་གཞན་དུ་འགྱུར་སྲིད་ཕྱིར།། ཚིག་དང་རྒལ་དོན་མི་བཞག། དམ་པ་རྣམས་ཀྱི་དགོངས་པ་འདི།། དཔེའམ་ཚད་མ་འམ
177b2 གཏན་ཚིགས་སམ། ། རྗེས་སུ་དཔག་པའི་ཤེས་རབ་ཀྱིས།། རྟོགས་པར་ནུས་པ་མ་ཡིན་ནོ།། དགོངས་དོན་གསང་བའི་སྣང་པ་ལ།། གང་གིས་ཀྲོན་པ་འབྱོར་བར།། ས་དག་སྨྲ་བར་བརྩོན་པ་དེ།། མ་སྨྲས་ན་ནི་མི་འཕོའམ་ཅི་བཞིན་སྤྱོད་དང་ལྡན
177b3 དང་། ། སྒྲུ་བ་དང་རྟོག་དཔྱོད་བྱེད་པ་རྣམས།། དོན་ལ་ངེས་བློ་མ་རྙེད་པར།། མ་སྤྱད་ན་ནི་ཅི་ཞིག་ཉེས།། ཅི་ཕྱིར་གསང་སྔགས་རྣམ་འང།། དཔེར་ན་གང་གི་སྤང་བ་སངས་བཞིན།། དམ་པའི་དཀའ་ཚིག་རེ་ལའང་།། དོན་ནི་ཐ་དད་དུ་མར་འབྱུང་།། དེམན
177b4 གསང་སྔག་མ་དམ་པའི་དོར། ། མ་རྟོགས་བཞིན་དུ་གང་སྨྲ་བ།། གང་གིས་མཚམས་མེད་ལྔ་བྱས་པས།། ལོག་སྤུའི་སྡིག་དེ་དེ་པས་ལྕི།། གསང་པ་ཉིད་ལ་གོལ་བ་ཡི།། གསང་བར་སྨྲ་བའི་ལོག་སྲེད་ཅན།། གསང་བསྔགས་ཚོགས་ཟིར་གྱུར་ན།
177b5 གང་གིས་མའོ་བ་སྲོག་བཅད་ཀྱང་།། དེན་ཉེས་པས་མི་འགྱུར་ཞེས།། ལོག་བར་ཁ་ལོ་སྒྱུར་བ་འབྱུང་།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་སྔོན་བྱུང་བ།། བྲམ་ཟེ་འཚོ་བའི་ལག་སྲེད་ཅན།། ལོག་སྭ་རྒྱུ་སྤྱོང་དབང་སྒྱུར་བའོ།། གང
177b6 འདིར་ལོག་པར་སྤོང་རྒྱས་པས། ཀུན་ཀྱང་ལོག་པ་ཉིད་ལ་འཇུག། དེ་ལ་གསང་བར་སྒྲ་མཚོན་ནས།། གསང་སྔགས་དེ་ལ་མངོན་སྤྱོད་འབྱུང་།། དེ་ཡང་ཇི་ལྟ་བུ་ཞེ་ན།། འདས་པའི་དུས་ན་མངོན་འབྱུང་བ།། གང་དུ་གཞན་འཐུང་ལོག་སྲེད་ཅན།
177b7 དེ་མིན་འདྲ་གཞན་སྤྱོད་པའོ།། གང་དུ་འདི་ལྟར་ལོགས།། གསང་སྔགས་དམ་པའི་ཚིག་དང་སྒྲ།། གཅིག་ལ་མི་གཅིག་སོ་སོ་ལ།། རྨོངས་པའི་མུན་པར་གང་སྤོད་པ།། སྔགས་པ་བདུད་ཀྱིལས་བྱེད་དེ།། ཤི་ནས་དམྱལ་བ་ཆེན་པོར
177b8 འགྲོ། ཅི་ཕྱིར་ལྟ་བས་མ་ཟིན་ཕྱིར།། བདུད་དང་སྲིན་པོའི་གོད་པ་ལ།། དགའ་མགུར་སྤྱོད་ཅིང་འདོད་དགུར་འཇོལ།། དེ་ལ་བག་ཆགས་ཞེན་པའི་མཐུས།། དམྱལ་བར་འབར་བ་བརྒྱད་ཀྱི་ཡང་།། རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་།། དེ་ཡང་ཇི
iiif viewer powered by OpenSeadragon
177a - 178a