| | e-texts navigator
|
176a1 བ་ཡིན། ། ལོག་པར་སྤོད་པའི་ལྟ་བ་ལྔ།། བླ་ཤ་ལྔ་ཞེས་གྲགས་པ་སྟེ།། དེས་ན་ལྟ་བ་མི་གཙང་བས།། ཡང་དག་ལྟ་བས་ལྟོས་ན་མེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། འདས་པའི་ཚོགས་དེ
176a2 དགགས་སྐྱེ་བ་མེད་པའི་དོན་མཐོང་བས་ཤིན་ཏུ་ཡང་ངོ་མཚར་བར་གྱུར་ཏོ་གསོལ་པ། བཅོམ་ལྡན་འདས་འོ་ན་བདག་ཅག་གི་དམ་ཚིག་འདི་རྣམས་ཐེག་པ་ཆེན་པོར་མ་གསོལ་ཏ་པ།། བཀའ་སྩལ་པ། འདུས་པའི་ཚོགས་སོ
176a3 སོ་འདམ་ཚིག་རྣམས་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་ནི་མ་བཀག་གོ། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མ་བཀག་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ནམ་མཁའི་རང་བཞིན
176a4 རུ། ། སྣང་སྲིད་མ་བཀག་སྣང་བ་བཞིན།། ཐེག་པ་ཆེན་པོའི་ནམ་མཁའ་འདིར།། ལྟ་སྤྱོད་ཐམས་ཅད་མ་བཀག་སྟེ། དེའི་ཕྱིར་ཐམས་ཅད་ནམ་མཁར་སྣང་ཞེས་གསུང་པས། འདུས་པའི་ཚོགས་ཐམས་ཅད་མཞིན་པོ་མཚར
176a5 དུ་གྱུར་ཏེ་ངས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བཀའ་སྩལ་པ། འདུས་པའི་ཚོགས་ཁྱད་རྣམས་ཀྱིས་ཅི་ཞིག་ཐོས་ནས་དུ། གསོལ་པ། བཅོམ་ལྡན་འདས་ཡུན་གྱི་དོན་སྲིད་ཆེན་པོ་འདི་ལྟ་བུ་བདག་ཅག་ལ་སྔར
176a6 མ་བསྟན་པ་ཐུགས་རྗེར་ཆུང་ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པའི་ཚོགས་རང་རང་གི་ནམ་མཁའ་དེ།། རང་རང་གི་མུན་པ་གློ་བུར་པས་བསྒྲིབས་པར་ཟད་ཀྱི། རང་རང་གི་ནམ་མཁའ་ཉིད་དུ
176a7 སྣང་བ་ལ་གང་གིས་གང་ལ་བསྟན་ཅི་དགོས་ཤེས་སྨྲས་པས། གང་གིས་མི་རིག་པ་གང་ཡིན་པ་དེ་ཉིད་རིག་པར་འགྱུར་ཏེ། བག་བཞི་བསྐམས། ཡན་ལགས་ལ་བརྡབས་ནས་ལུས་གདན་ཁྲིང་ཕུལ་ཏེ། ཉེ་དཔངས་པའི་སྒྲིབ
176a8 པ་སྐྱོང་ཞིང་རྣ་བས་ཆོས་ཉན་པས་ཤེས་བྱའི་སྒྲིབ་པ་སྤྱོང་སྟེ། རིག་འཛིན་ལུས་ཀྱི་སེང་གེ་དང་། རྟ་དང་གླང་པོ་ལ་སོགས་པའི་ཞབས་ཀྱི་གདན་ཁྲིའི་བྱ་བ་ཡོངས་སུ་རྫོགས་པར་བྱེད་དོ།། སངས་རྒྱས་ཀུན་གྱི་དགོངས་པ་འདྲེས
iiif viewer powered by OpenSeadragon
175b - 176b