| | e-texts navigator
|
169b1 ཡི་གེ་དང་། ཆོ་འཕྲུལ་པ་ཡིག་འོ།། དེ་ལ་རང་བཞིན་གྱི་ཡི་གེ་གང་ཞེ་ན། གང་ཐམས་ཅད་ཀྱང་ཡི་གེ་འབ་ག་པའོ།། ཆོ་འཕྲུལ་གྱི་ཡི་གེ་གང་ཞེ་ན། འཇིག་རྟེན་དང་འཇིག་ཏན་ལས་འདས་པ་དང་ཐུན་མོང་པའོ།། འཇིག་རྟེན
169b2 ལས་འདས་པའི་ཡི་གེ་གང་ཞེ་ན། སོ་དང་། དཱ་དང་། མཱ་དང་། སྭ་དང་། ཨ་དང་། ཧཾ་དང་། ཨ་རྣམས་སོ།། ལང་ཀའི་བདག་པོ་འདི་ལ་འཇིག་རྟེན་པའི་གེ་གད་འདི་ལྟ་སྟེ། བ་དང་། ཟིན་པ་སཔའོ།། རྩ་བ་གང་ཞེ་ན། ས་བོན
169b3 དྲག་གང་ཡིན་པའོ། ། ཟིན་པ་གང་ཞེ་ན། གང་འགྲོ་བ་རྣམས་ཀྱིས་ཅད་ཀུན་ཡིགས་ཟིན་པ་ཁོ་ནའོ།། གྲགས་པ་གང་ཞེ་ན། ལྷའི་ཡི་གེ་དང་། ཀླུའི་ཡི་གེ་དང་། ལྷ་མ་ཡིན་གྱི་ཡི་གེ་དང་། མིའི་ཡི་གེ་དང་། གནོད་སྦྱིན་གྱི་ཡི་གེ་ལ
169b4 པ་འཇིག་རྟེན་ཐ་དད་ཀྱི་ཡི་གེར་གྲགས་པ་གང་ཡིན་པའོ། ། ཐུན་མོང་གི་ཡི་གེ་གང་ཞེ་ན། ཨ་དང་ཀ་ལ་སོགས་པའོ།། ལང་ཀའི་བདག་པོ་འདི་ལ་ཡི་གེ་གཞི་གང་ཞེ་ན། ཨ་དང་། མ་དང་བྲི་དང་། མུ~ཾ་ཞེསཐམས་ཅད་འབ
169b5 ཐར་པའོ། ། གསང་བ་པའི་བ་ཡོས་དེ་སྐད་ཅེས་སྦས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཅན་གྱི་སེམས་དཔའ་རྣམས་ཐམས་ཅད་གསུང་གི་མི་རང་པ་ཏུནཀྱི་འཁོར་ལོར་རིག་པར་གྱུར་ཏོ།། སས་རྒྱས་ཀུན
169b6 གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསུང་མི་ཟད་པ་ཅན་གྱི་འཁོར་ལོ་བཀོད་པའི་ལེའུ་བ་ཞེས་པ་སྟེ་སུམ་ཅུ་བཞི་པའོ། ། ། དེ་ནས་ང་ཀའི་བདག་པོ་བང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས
169b7 གསང་བ་པའི་བདག་པོ་ལ་འདི་སྐད་ཅེས་སྨྲས་ཏེ་དྲིས་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་བྱད་ཀྱི་རླབས་ལས་སྣང་བའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་ཇི་ལྟར་སྡང་བ་ལགས། གསང་བ་པའི།
169b8 བདག་པོས་སྨྲས་པ། ལང་ཀའི་བདག་པོ་གསང་སྔགས་ཀྱི་བྱིན་གྱི་རླབས་ལས་སྣང་བའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་ནི་འདི་ལྟར་སྣང་བར་རིག་པར་བྱའོ།། གང་ཞེ་ན། འདི་ལྟ་སྟེ། མི་ཏོ།། གང་ལ་ཏོག
iiif viewer powered by OpenSeadragon
169a - 170a