e-texts navigator
Collection
Volume
Page
Wylie

165a1 བཞག་ན་བླུན་པོ་དེ་ཇི་སྙམ་དུ་སེམས། པཱ་པཱ། གསང་བ་བའི་བདག་པོ་དེ་ནི་འདི་ལྟར་འདི་ནི་རྡོ་རྗེ་སེམས་དཔའ་ཉིད་མ་ཡིན་ཏེ། དེའི་འདྲ་བ་འབའ་ཞིག་གོ་སྙམ་དུ་རྟོག་པའོ།། སྨྲས་པ། ལང་ཀའི
165a2 བདག་པོ་དེ་བས་ན། དམ་པ་དག་གིས་བལྟས་ན་མི་དམིགས་པའི་དབྱིངས་ན་རྡོ་རྗེ་སེམས་དཔའ་དང་དེའི་གཟུགས་བརྙན་གཞན་གཉིས་གཞན་དང་གཞན་ན་སོ་སོ་ན་གནས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེས
165a3 དེ་གཉིས་རང་བཞིན་དེ་ཁོན་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། ། དས་སོ་པོ་བཞིག་ཡིན་ན་ནི་དམིགས་པས་འབྲས་བུ་ཕྱེ་བར་མི་རིགས་སོ།། ལང་ཀའི་བདག་པོས་སྨྲས་པ། གསང་བ་བའི་བདག་པོ་དེ་དག་ལ་ཁྱད་པར་མ་མཆིས
165a4 སམ། སྨྲས་པ། ལང་ཀའི་བདག་པོ་མི་ཤེས་པའི་དབང་དུ་གཟུགས་བརྙན་དང་དེས་མཚོན་པའི་དོན་ཞེས་བརྗོད་ཅིང་སྣང་བར་ཟད་ཀྱི། དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་བརྩོན་པར་བྱས་ན་དེ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ།།
165a5 སྨྲས་པ། གསང་བ་པའི་བདག་པོ་འོ་ན་ཆོས་རྣམས་བརྗོད་པ་དང་། མཚོན་པ་དང་། ཐ་སྙད་ཀྱིས་ཅིག་ཞིག་བགྱི། སྤྲས་པ། ལང་ཀའི་བདག་པོ་དེ་ནི་ཁོ་བོས་གང་གི་དོགས་པ་གསལ་ཟིན་ཏོ།། སྨྲསཔ། གསང་བ་པའི་བདག་པོའོན
165a6 ག་བློ་ཆེན་པོ་དག་ཏུ་དཀའ་བ་ཆེན་པོས་འབད་ཅིང་ལེགས་པར་བསུན་ཏེ་ཅི་ཞིག་བྱ། སྨྲས་པ། ལང་ཀའི་བདག་པོ་དེ་ལྟ་མོད་ཀྱི་གང་མཚན་མ་ལ་ཞེན་པ་དག་བྲིད་པའི་ཕྱིར་དང་། གང་བློ་ཆེ་ཡང་དེ་དྲང་ཚགས་ཆུང་ངུའི་ཐབས་རླབས
165a7 ཆས་དོན་ཆེན་པོ་རིད་ཟིན་པའི་ཉམས་མ་དང་བའི་ཕྱིར་རོ། ། ལང་ཀའི་བདག་པོ་དེ་ཁོ་ན་ཉིད་ལས་ནི་རྒྱུན་ཏུ་ཆོ་འཕྲུལ་རྣམས་སྡང་བ་ཡིན་ཏེ། རིན་པོ་ཆེའམ་སྤྲིན་ལྟ་བུར་ཅི་ཡང་མེད་པ་ལ་ཅི་ཡང་སྡང་ཞིང་གང་རུང་ངུ་ལས་མང་པར་མཆོད།
165a8 པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པའི་མོས་ཐམས་ཅད་སྣང་བ་འདི་ཅི་ཡང་མེད་པ་ལས་སྣང་ངོ་།། དེ་བས་ན་གསུང་གི་གཟུགས་པརྙན་འདི་དག་ཀྱང་ཅི་ཡང་མེད་པ་ཁོད་པས་སྣང་བའི་ཆོས་ཉིད་དུ་རིག་པར་བྱའོ།། ལ་དཀའི་བདག




iiif viewer powered by OpenSeadragon

164b - 165b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo