e-texts navigator
Collection
Volume
Page
Wylie

164b1 ཡང་མེད་ཅིང་ལ་མཐོང་བ་དེ་ཉིད་ཅི་ཡང་འབྱུང་ཞིང་ཅི་གང་དང་ཡང་མ་བྲལ་བ་སྟེ། འདི་ལྟ་སྟེ། གཟུགས་བརྙན་གང་ཡིན་པ་དེ་ནི་དངོས་གཞིའོ།། དངོས་གཞི་གང་ཡིན་པ་དེ་ནི་གཟུགས་བརྙན་ནོ།། དངོས་གཞི་དང་གཟུགས
164b2 བཏན་པང་ཡིད་པ་དེ་ནི་གསང་བ་དམ་པའི་དབྱིངས་སོ། ། གསང་བ་དམ་པ་གང་ཡིན་པ་དེ་ནི་དངོས་གཞི་དང་གཟུགས་བརྙན་ནོ།། འོན་ཏེང་ན་གསང་བ་དམ་པ་ནི་རྒྱ་མཚོ་དང་འདྲལ། བྱིན་གྱི་རླབས་ལས་བྱུང་བ་ཐམས
164b3 ཅད་རི་རླབས་དང་འདྲ་བ་སྟེ། འདི་གཉིས་ལ་གཉིས་སུ་མེད་པ། གཉིས་ཀྱིས་མཐའ་ལས་གྲོལ་བ། དབུ་མར་ཡང་མི་དམིགས་པ། གཉིས་སུ་མི་འགྱུར་བར་གཟིགས་པ་སྟེ་དེ་ཁོ་ན་ཉིད་དོན་གཟུངས་སོ།། དེ་བཞིན་དུ་ཅེས
164b4 ཀྱང་མི་ཕྱེད་མི་ཤིགས་པ་དང་། གང་དུ་ཡང་མི་དམིགས་པ་དང་། མཉམ་པ་ཉིད་དང་། མི་འགྱུར་པ་ཉིད་དང་། ནམ་མཁའི་རང་བཞིན་དང་། མིང་དང་། ཚིག་དང་། དོན་དག་གསང་སྔགས་ཀྱི་གཟུངས་སོ།། འོན་ཏ་ན
164b5 གཟུགས་བརྙན་གྱི་རང་བཞིན་ཡང་མི་དམིགས་པའི་དབྱིངས་ལ་དངོས་གཞིའི་རང་བཞིན་ཡང་མི་དམིགས་པའི་དབྱིངས་ཁོ་ན་པས་དེ་ནི་དེ་གཉིས་ཀྱི་གཟུངས་སོ། ། མི་དམིགས་པའི་དབྱིངས་དེ་ནི་ཐམས་ཅད་དུ་སེམས
164b6 ཅན་རང་སངས་རྒྱས་ལ་སོགས་པ་ཐམས་ཅད་སྙེད་ཅིང་དེའི་རང་བཞིན་དེ་ཡིན་པའི་ཕྱིར་གཅིག་པསན་པོ་ས་མ་ཡིན་པའི་གཟུངས་སོ། ། ལང་ཀའི་བདག་པོ་གཟུགས་བརྙན་གྱི་དམ་ཚིག་ནི་གང་གི་གཟུགས་བརྙན་གང
164b7 ས་པ་འའབ་སྟེ། ཇི་ལྟར་སྔང་ཡང་དངོས་ཀཽ་ད་ལས་མི་འཇུར་མི་འདའ་བ་སྟེ། དེ་ལྟར་འབྱུང་འཇུག་མེད་པ། ཕྱི་རང་མེད་པ། སྷོ་བྲགས་མེད་པ། འང་འབྲལ་མེད་པས་ན་མ་ག་གོ། ཐམས་ཅད་དེའི་དང་ལས
164b8 མི་འདའ་བའི་ཕྱི་རི་དཔ་ཚིག་ཅེས་བྱའོ། ། ལང་ཀའི་བདག་པོ་དཔེར་ན་རྡོ་རྗེ་སེམས་དཔའ་ནི་ཀང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དགོངས་པ་དམ་པ་ཡིན་ན་དེའི་གཟུགས་བརྙན་ཞིག་བླུན་པོ་གང་ཞིག་གི་མདུན་དུ




iiif viewer powered by OpenSeadragon

164a - 165a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo