e-texts navigator
Collection
Volume
Page
Wylie

163b1 འདུ་ཤེ་བཞིང་སྣང་བ་བཞི་ལས་རྒྱས་པར་ཤེས་པར་བྱའོ། ། བཞི་གང་ཞེ་ན་འདི་ལྟ་སྟེ། གསུང་གི་རང་བཞིན་དང་། རྣམ་གྲངས་དང་། ཡན་ལག་དང་། གཟུགས་བརྙན་རྣམས་སུ་ཤེས་པར་བྱའོ།། ལང་ཀའི་བདག་པོ་དེ་ལ་རང་བཞིན་ག
163b2 ན་འདི་ལྟ་སྟེ། གདངས་སུ་ཆེ་བ་དང་། ཡོངས་སུ་ཁྱབ་པ་དང་། གོ་བོར་མྱུར་བ་དང་། ཐེ་ཚོམ་གཅོད་པ་དང་། གཅིག་ལ་གཟིགཔ་སྙམ་པ་དང་། ཉི་ཆར་སྟོན་པ་དང་། ཀུན་ནས་འཇུག་པ་དང་། འདུན་པ་སྐྱེད་པ་དང་། ཁྱད་དུ་ཞུགས་པ
163b3 དང་། ཐམས་ཅད་འདུལ་བའོ།། ལང་ཀའི་བདག་པོ་རྣམ་གྲངས་གང་ཞེ་ནི། འདི་ལྟ་སྟེ། ཚངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གྲུ་གར་ལྟ་བུ་དང་། ཀ་ལ་བིངདག་ལྟ་བུ་དང་འབྲུག་དབྱངས་ལྟ་བ་དང་། སྨྲ་བ་རྙན་ལྟ་བུའོ།། ལང་ཀའི
163b4 བདག་པོ་ཡན་ལག་ནི་འདི་ལྟ་སྟེ། འདུ་ཤེས་པ་སྲེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིགི་མི་ཚུགས་པདང་། རྣར་སྙན་པ་དང་། རྣམ་པར་མ
163b5 འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ། ནམ་གྲངས་ཀྱི་སྒོ་རེ་རེར་གང་དུ་བྱུང་བ་དེ་དང་དེར་ཡན་ལག་ཀུན་རྫོགས་པར་འབྱུང་ངོ་།། ལང་ཀའི་བདག་པོ་དེ་ལ་གཟུགས་བརྙན་གང་ཞེ་ན། གཟུགས་བརྙན་ནི་ཡི་གེའི་ཚོགས་སུ་སྣང་ལ།
163b6 ཡི་གེ་ནི་གསང་བ་དམ་པའི་བྱིན་གྱི་རླ་བས་ལས་ཨུ་མ་དག་པར་བྱའོ།། ལང་ཀའི་བདག་པོ་གསང་བ་དམ་པའི་བྱིན་གྱི་རླབས་ནི་ཡི་གེར་ཡང་མ་ཟད་དེ་ཡི་གེ་ལ་སོགས་པའི་ཆོས་ཐམས་ཅད་མེད་པ་ལས་འབྱུང་ཞིང་བཏགས་པ་ལྟར
163b7 ཆགས། གང་ལྟར་བསྒྲུབས་པ་ལྟར་འགྲུབ། གང་དུ་མཐོང་བ་དེ་ལྟར་བལྟས་པར་སྣང་བའི་ཕྱིར་ཡི་གེ་ཡང་མི་དམིགས་པའི་དབྱིངས་ཀྱི་བྱིན་གྱི་རླབས་ལས་གསུང་གི་གཟུགས་བརྙན་དུ་འབྱུང་བར་ཟད་དོ།། ལང་ཀའི་བདག་པོའོན།
163b8 ཏང་ན་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་ངང་གིས་མ་བཅོས་ཡོང་གིས་འོདགས་པ་བས་བཙལ་དུ་མེད་ཅིང་ཡེནས་བྱང་ཆུབ་པ་ལས་གང་བྱང་ཆུབ་དོན་དུ་གཉེར་ཞིང་འབད་པ་ནི་དཀའ་བ་བྱེད་པའོ།། སྨྲས་པ། གསང་བ་བའི་བདག་པོ་འོན




iiif viewer powered by OpenSeadragon

163a - 164a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo