| | e-texts navigator
|
163a1 དེ་ལྟར་སྣང་བར་ཟད་དེ། དེ་ནི་དེ་ཁོ་ན་ཉིད་གསང་བ་དམ་པའི་བྱིན་གྱི་རླབས་འབའ་ཞིག་སྣང་བའོ།། ལང་ཀའི་བདག་པོ་དེ་བས་ན་གསང་བ་དམ་པ་ངོ་བོ་ཉིད་མེད་པ་དེ་ནི་ཉི་མའི་སྙིང་པོ་ལྟ་བུའོ།། བྱིན་གྱི་རླབས་ལས་ནང་བནི
163a2 ཟེར་དང་། འོད་ལྟ་བུར་རིག་པར་བྱའོ་ཞེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་སུ་ཡོངས་སུ་རྟོག་པའི་ཐེ་ཚོས་ཆད་པར་གྱུར་ཏོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པར་མས་ཆེན་པོ་ལས།
163a3 ཡོངས་སུ་སྡང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་དྲུ་གསུམ་པའོ།། །། དེ་ནས་ཡང་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། དེ་བཞིན་གཤེགས་པའི་གཟུང་གི་ཤིན་གྱི་རླངས་རྔ་ལྟར
163a4 སྡང་བར་དཔག་པར་བྱ་བའི་བ་རདྲི་བ་ཡོངས་སུ་དྲས་པ། ཀྱེ་གསང་བ་བའི་བདག་པོ་གང་ག་ཐུགས་དང་སྐའ་བྲན་གྱི་རླབས་ལས་སྣང་བ་ཡོངས་སུ་བཀོད་པ་དེ་དག་གི་གསུང་གི་བན་གྱི་རླབས་ལས་སྣང་བ་ཇི་ལྟར་དཔག་པར་བགྱི། དེ་སྐད
163a5 ཅེས་དྲིས་པ་ལས། གསང་ས་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཇི་སྐད་དུ་དྲི་བདེནི་འདི་ལྟ་སྟེ། ངོ་བོ་ཉིད་མེད་པ་གསང་བ་དམ་པ་གསང་བ་དེ་ལ་ནི་ཚིག་དང་སྒྲའི་ཐ་སྙད་མེད་དེ་ཐམས་ཅད་ནས་ཐམས་ཅད་དུ་གསུང་བ་མེད་པ་ཁོ
163a6 ནའོ། ། གལ་ཏེ་གསང་བདེ་པ་དཔག་པར་ནི་གང་ཡོངས་སུ་དག་པའི་སྐྱེས་བུ་དམ་པས་ཀྱང་མི་དཔོགས་ཏེ། གང་གི་ཕྱིར་དེ་དཔོགས་པ་ཉིད་ན་ངོ་བོ་ཉིད་མེད་ན་གསང་བ་དམ་པ་ཉིད་དུ་ངེས་པའི་ཕྱིར་དཔག་པར་རབ་ཏུ་དཀའོ།། ལང་ཀའི
163a7 བདག་པའོན་ཀྱང་འདི་ལྟར་རག་པར་བྱ་སྟེ། ། གང་ངོ་བོ་ཉིད་མེད་པའི་གསུང་ན་ནམ་མཁའ་ལྟ་བུའོ།། རྣམ་པར་དག་པའི་གསུང་ན་ཉི་མའི་སྙིང་པོ་ལྟ་བའོ།། ཡོངས་སུ་སྨིན་པའི་གསུང་ན་མེ་ལོང་ལྟ་བའོ།། བསང་བ་དམ་པའི
163a8 གསུང་ནས་གེ་ལ་བུའོ། ། ཀུང་དུ་འབྲང་བའི་གསང་ནི་གསུང་གཅིག་ཡན་པགབས་པ་གྱིས་མི་ཁྱབ་པར་འབྲང་བའི་བོ་རབས་མཆིས་མཁབ་པ་ཞེས་བྱའོ།། ལང་ཀའི་བདག་པོ་གང་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་བ
iiif viewer powered by OpenSeadragon
162b - 163b