e-texts navigator
Collection
Volume
Page
Wylie

162b1 མུད་པའི་ཁམས་པས་ནི་རྣམ་པར་ཤེས་པ་ཞེས་བྱ་བར་བཏགས་སོ། ། སྣང་བའི་ཁམས་པ་དག་གིས་ནི་ཡེ་ཤེས་བྱ་བར་བཏགས་སོ།། མི་གདདས་པ་རྣམས་ཀྱིས་ནི་སངས་རྒྱས་སུ་བཏགས་སོ།། དམ་པའི་མིག་ཅན་རྣམས་ཀྱིས་ནི་གསང་སྔགས
162b2 སུངས་ཟིན་པ་ཡིན་ནོ། ། དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་དེ་དག་ཞིང་ཁམས་ནི་གང་། འདར་ནི་གང་། བསྟན་པ་ནི་ཅི་ཞིག་སྒྲོགས། དུས་ནི་གང་། མཛདཔ་ནི་གང་ཞེས་དྲིས་སོ།། གསང་བ་པའི་བདག་པོས་པ
162b3 ལང་ཀའི་བདག་པོས་ཇིསྐད་དུ་དྲི་བ་ལྔ་ནི་འདི་ལྟ་སྟེ། གང་ངོ་བོ་ཉིད་མེད་པ་དེའི་ཞིང་ཁམས་ནི་བསྐྱེད་དུ་མེད་པའོ།། ལ་ནི་སངས་རྒྱས་པ་མེད་པའོ།། བསྟན་པ་ནི་བསམ་དུ་མེད་པའོ།། དུས་ནི་ཚད་ལས་འདས་པའོ།། མཛད་པ་ནི
162b4 ཡང་མཛད་པའོ། ། གང་རྣམ་པར་དག་པ་དེའི་ཞིང་ཁམས་ནི་བདལ་ཁྱབ་ཆེན་པོའོ།། འཁོར་ནི་ཡེ་ཤེས་རྒྱ་མཚོའི་ཚོགས་སོ།། བསྟན་པ་ནི་བྱ་བ་མེད་པའི་ཆོས་སོ།། དུས་ནི་ཐམས་ཅད་ནས་ཐམས་ཅད་དུའོ།། མཛད་པ་ནི་ཆོས་ཐམས
162b5 ཅད་སྣང་བར་མཛད་པའོ། ། གང་སྨིན་པ་དེའི་ཞིང་ཁམས་ནི་བདེ་བ་ཅན་ནོ།། འཁོར་ནི་ཡོངས་སུ་སྨིན་པ་རྒྱ་མ་ཧེའི་ཚོགས་སོ།། བསྟན་པ་ནི་བརྗོད་ཏུ་མེད་པའོ།། དུས་ནི་གང་ནམ་གནས་གཙང་མ་ནའོ།། མཛད་པ་ནི་རྣལ་འབྱོར
162b6 དམ་པ་ཉིད་དོ། ། གང་གསང་བ་དེའི་ཞིང་ཁམས་ནི་པད་མོ་ཅན་ནོ།། འཁོར་ནི་རྒྱལ་བ་རྒྱ་མཚོའི་ཚོགས་སོ།། བསྟན་པ་ནི་གསང་སྔགས་རྒྱ་མཚོ་ཉིད་དོ།། དུས་ནི་གཙུག་གཏོར་འཁོར་ལོས་སྐུར་བ་འདོད་པ་ན་རྒྱལ་བ་ཀུན་གྱི་སྐུ་སྤྱན
162b7 པར་འབྱོར་པའི་དུམ་ཉིད་ནའོ། ། བཛད་པ་ནི་སྐྱེས་བུ་དམ་པ་རྣམས་དགོངས་པ་དམ་པའི་ཐེ་ཚོམ་གཅོད་པར་མཛན་པའོ།། གང་རྒྱུན་གྱི་ཞིང་ཁམས་ནི་མོས་པ་ཅན་ནོ།། འཁོར་ནི་མོས་པ་ཐོདད་པའི་ཚོགས་སོ།། བསྟན་པ་ན
162b8 བསམ་གྱིས་མི་ཁྱབ་པའོ། ། དུས་ནི་སྐྱོན་མོ་ཡོངས་སུ་བཀོད་པ་ནའོ།། མཛད་པ་ནི་གང་གི་མུན་པ་སེལ་བར་མཛད་པའོ།། ལང་ཀའི་བདག་པོ་དེ་དག་ཀྱང་སོ་སོར་བལྟ་བར་ནི་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་མེད་པ་ལས།




iiif viewer powered by OpenSeadragon

162a - 163a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo