e-texts navigator
Collection
Volume
Page
Wylie

161a1 སེང་པོ་གསང་པའི་ཁད་པར་གྱིས་དག་པ་དང་མ་དག་པ་ཡང་དག་པར་རིག་པར་བྱའོ། ། སྨྲས་པ། གསང་བ་པའི་བདག་པོ་དག་པོ་སྟེ་གང་ལགས། མ་དག་པ་ནི་གང་ལགས། སྨྲས་པ། ལང་ཀའི་བདག་པོ་འདི་ལྟ་སྟེ། གང་དུ་དག
161a2 བདག་ཕྱོགས་སུ་དག་པ་དང་། ཡོངས་སུ་རྣམ་པར་དག་པ་དང་། ཐམས་ཅད་ནས་ཐམས་ཅད་དུ་དག་པ་ཆེན་པའོ།། ལང་ཀའི་བདག་པོ་དེ་ལ་གང་དུ་དག་པ་ནི་འདི་ལྟ་སྟེ། གང་གསུམ་དུ་སྡང་བཞི་པ་ནི་རྣམ་པར་དག་པའོ།། ཆོས་ཀྱི་དབང
161a3 ཕུག་ན་སྨིན་པའོ། ། ཆོས་ཀྱི་རྒྱལ་ཆ་བར་རྗུད་དོ།། ཕྱོགས་སུ་དག་པ་ནི་འདི་ལྟ་སྟེ། གངལ་པ་རིག་པ་རང་རིག་པ་ནི་རྣམ་པར་དག་པའོ།། བདེ་བར་འགས་པ་ནི་སྨན་པའོ།། གང་ང་སྡང་བ་ལྟར་རོ།། ཡོངས་སུ་རྣམ་པར་དག་པ་ནི་འདི
161a4 ལྟ་སྟེ། གང་ནམ་མཁའ་འདོ་ན་རྣམ་པར་དག་པའོ།། བདེ་བ་ལ་ལོངས་སྤྱོད་པ་ན་སྨིན་པའོ།། ཡོངས་སུ་བསྣུར་བ་དེ་རྒྱུན་ནོ།། ཐམས་ཅད་ནས་ཐམས་ཅད་དུ་དག་པ་ཆེན་པོ་ནི་འདི་ལྟ་སྟ་གང་བཞིར་སྣང་བ་དང་། གང་བ་སྤང་པའི་དེ་ཉིད་།།
161a5 གང་ན་མེད་པ་ནི་རྣམ་པར་དག་པའོ།། ཡོངས་སུ་རྫོགས་པ་ནི་སྤེན་པའོ།། ཅིར་ཡང་འབྱུང་བ་ནི་རྐུན་ནོ།། ལང་ཀའི་བདག་པོ་དེ་ལ་གང་དུ་དག་པ་དང་། ཕྱོགས་སུ་དག་པ་དང་། ཡོངས་སུ་རྣམ་པར་དག་པ་ནི་མ་དག་པ་ཞེས་བྱའོ།། དེ་ཙ
161a6 བྱར་ཞེན། ཐམས་ཅད་དུ་དག་པར་བྱར་མེད་པ་ལ་དག་པར་འདོད་ཅིང་དག་པར་བྱེད་པའི་ཕྱིར་རོ།། སྨྲས་པ། གསང་པ་བའི་བདག་པོ་ཅིག་དེ་ལ་གང་དུ་དག་པ་དང་། ཕྱོགས་སུ་དག་པ་དག་ཡོངས་སུ་རྣམ་པར་དག་པ་དེ་ལ་དག་པ་ཞེས
161a7 ཅིའི་ཕྱིར་བརྗོད། སྨྲས་པ། ལང་ཀའ་བདག་པོ་དེ་དག་ནི་གང་ཡོངས་སུ་བསྒྲིབས་པ་ལས་གང་དུ་སངས་པ་དང་། ཕྱོགས་སུ་སངས་པ་དང་། ཡོངས་སུ་རྣམ་པར་སངས་པའི་ཕྱིར་རོ།། ལང་ཀའི་བདག་པོ་ཐམས་ཅད་རྣས་ཐམས་ཅད་དུ
161a8 དག་པར་བྱར་མེད་པ་ལ་ནི་དག་པ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་དག་པར་བྱ་བའི་རྒྱུ་ཅི་ཡང་མེད་པའི་ཕྱིར་རོ།། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་རྟེན་ཡིན་ལ་སྨིན་པར་ཡིན་པ་ནི་གང་། སྨན་པ་ཡིན་པ་རྒྱན




iiif viewer powered by OpenSeadragon

160b - 161b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo