e-texts navigator
Collection
Volume
Page
Wylie

158b1 གང་ཡིན་པ་དེ་བློ་ཟབ་པ། ཆེས་ཟབ་པཞེས་བྱའོ།། དེ་ཅིའི་ཕྱིར་ཞེན། སངས་རྒྱས་ཀུན་གྱི་དགོངས་པ་ཐམས་ཅད་ནི་རྟོག་དཔྱོད་དང་བྲལ་བའོ།། ལང་ཀའི་བདག་པོ་དེའི་ཕྱིར་གསང་སྔགས་ཀྱི་ངོ་བོ་ལན་རབ་ཏུ་དཔག་པར་དཀའ་བའི
158b2 ཕྱིར་པོའི་བ་པ། སཞིབ་པ། ཟབ་པ། ཆེས་ཟབ་པས་བལྟ་བར་བྱའོ།། སྨྲས་པ། གསང་བབའ་བདག་པོ་གསང་བའི་དབྱིངས་དེ་དཔེ་གང་ལ་ལྟོས་ཏེ་ཤེས་པར་བྱ། སྨྲས་པ། ལ་ཀའི་བདག་པོ་གསང་བའི་དབྱིངས་དེར་དབེར
158b3 བྱ་བའི་འཇིག་ཏན་ན་མེ་དེ། ། དེ་ཤིག་དཔེར་ཉེ་བར་མངོན་སུམ་པར་བྱན་ནམ་མཁའ་ལ་གཟུང་བར་བྱསྟེ། ནམ་མཁས་ཀྱང་བན་དུ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་ན་མངོན་སུམ་པའི་དཔེར་དེ་ལས་མེད་པའི་ཕྱི་དཔེར་དམ
158b4 ལས་ལས་ཏ་ལས་ཤེས་པར་བྱའོ་ཞེས་དམ་པ་རྣམས་ཀྱིས་བཤད་དོ། ། སྨྲས་པ་གསང་བ་པའི་བདག་པོ་གསང་བའི་དབྱིངས་དང་ནམ་མཁའ་གཉིས་ཆོས་ཇི་ལྟར་འཐུན་པར་སྣང་བར་བྱས། སྤྲས་པ། ལང་ཀའི་བདག་པོ
158b5 གསང་བའི་དགེངས་དང་ནམ་མཁའ་ཉིད་ཀུན་དུ་ཆོས་འཐུན་པ་ནི་མ་ཡིན་ཏེ། རང་རིག་སྟོང་པ་ཉིད་དང་། རིག་མེད་པར་སྟོང་པ་ཉིད་ཀྱི་ཕྱིར་རོ།། སྨྲས་པ། གསང་བ་པའི་བདག་པོ་འོན་ཅིག་གསང་བའི་དབྱིངས་དེར་ནམ་མཁའ
158b6 འདུས་པ་ཞིག་གས། སྨྲས་པ།། ལང་ཀའི་བདག་པོ་དེ་དག་པ་དུ་སེམས། གསང་བའི་དབྱིངས་དེར་ནི་ནམ་མཁའ་འདུས་ལ། ནམ་མཁའི་ཁོངས་སུ་ནི་གསང་བའི་དབྱིངས་མ་འདུས་སོ།། སྨྲས་པ། གསང་བ་པའི་བ་བཔོན་པ
158b7 མཁའ་གང་ལགས། སྦས་པ། ལ་དཀའ་བདག་པོ་ནམ་མཁའ་ནི་གང་གོ་སྐབས་ཡོད་པ་ཁན་པ།། སྨྲས་པ། གསད་པཔའི་བདག་པོ་འོན་ཅིག་གསང་བའི་དབྱིངས་དེ་ནམ་མཁས་ཛ་ལྟར་མཚན་ཏེ་ཤེས་པར་འགྱུར
158b8 སྨྲས་པ། ལང་ཀའི་བདག་པོ་ཆོས་འཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། གང་གི་གོ་སྐབས་ཡོད་པ་དང་མེད་པ་ལ་ཟད་མི་ཤེས་པ་དང་། སྟོང་པ་ལ་ཐམས་ཅད་འབྱུང་བ་སྟེ། ཕྱོགས་ཙམ་དུ་ཆོས་དེ་དག་འཐུན་ཀྱང་རང་རིག་པའི




iiif viewer powered by OpenSeadragon

158a - 159a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo