e-texts navigator
Collection
Volume
Page
Wylie

157b1 པར་རྫོགས་པ་ཉིད་དུ་གྱུར་ཏོ། ། གང་གཉི་ག་མ་ཡིན་པ་དེ་ཡང་གསང་སྔགས་མ་ཡིན། གལ་ཏེ་གཉིག་པ་ཡིན་པ་ཞིག་གསང་སྔགས་ཡིན་ན་ནི་གསང་སྔགས་ཞེས་བྱ་བ་ཞིག་བཙལ་བས་རྙེད་པའི་གང་ནས་གཞནན་མེད་དོ།། ལང་ཀའི་བདག་པོས
157b2 སྨྲས་པ། གསདབ་པའི་བདག་པོ་འོ་ན་ཅིགསང་སྔགས་ཤེས་བགྱི་བ་གང་ལགས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གསང་སྔགས་ཤེས་བྱ་བ་ནི་སྣང་བ་དང་མི་སྣང་བ་གཉིས་ས་མེད་པ། གཉིས་ཀྱི་ངོ་བོ་ཉིད་ལས
157b3 གྲོལ་བ། དབུ་མར་མེ་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ།། ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ་འོ་ན་གསང་སྔགས་ཀྱི་ངོ་བོ་དེ་རབ་ཏུ་དཔག་པར་དཀའ་ཞིང་བལྟ་བར་དཀའ་ན་དེ་གང་གིས་བལྟ་བར་བྱ། གསང་པ
157b4 བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གསང་སྔགས་ཀྱི་ངོ་བོ་དེ་ནི་གང་གི་བློ་ཤིན་དུ་ཞིབ་པ། ཆེས་ཞིབ་པ། ཤིན་ཏུ་ཟབ་པ། ཆེས་ཟབ་པས་ལྟ་བར་བྱའོ།། སྨྲས་པ། གསང་བ་པའི་བདག་པོ་བློ་ཞིབ་པ། ཤིན་དུ་ཞིབ་པ། ཆེས་ཞིབ
157b5 པ་ནི་གང་ལགས། ཤིན་ཏུ་ཟབ་པ། ཆེམ་ཟབ་པ་ནི་གང་ལགས། སྨྲས་པ། ལང་ཀའི་བདག་པོ་བློ་ཤིན་དུ་ཞི་བ་པ། ཆེས་ཞིབ་པ་ནི་འདི་ལྟ་སྟེ། གང་ལ་ལ་དག་སའི་ཁམས་འདི་ལ་དཔག་ཚད་གཅིག་ལ་རྡུལ་ཕྲ་རབ་མ་འཁྲུགས། ཁྲག
157b6 ཁྲིག་གཅིག་དང་། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་བ་ར་དང་། བྱེ་བདུག་ན་ཕྲག་བརྒྱ་དང་། བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་དང་། འབུམ་ཕྲག་ལྔ་དང་ཁྲི་ཉིས་སྟོང་ཡོད་ལ། དེ་དག་ལ་ཡང་མེ་དང་། ཆུ་དང་། རུང་གི་རྡུལ་ཕྲ་རབ་ཏུ་ཕྱེ་ནས
157b7 སྟོང་ག་མ་ཀྱི་སྟོང་ཆེན་པོ་འཇིག་རྟེན་བྱ་ཁམས་ཆེན་པོ་གཅག་པ་རྡལ་ཕྲ་རབ་ཏུ་མེ་པའ་རྫས་ཀྱིས་གཅོད་པ་དང་། གཞན་ཡང་ཕྱི་མའི་ས་ཆེན་པོ་འདི་ལ་དབྱིབས་ཐ་དད་པ་མཐའ་ཡས་པ་དག་བརྟགས་ཏེ། འདི་དག་ནི་འབྱུང་བ
157b8 འཁྲུགས་པ་དང་། འབྲས་པ་དང་། འདྲེས་པ་དང་། འཁྱགས་པ་དང་། འཁྲུལ་བ་དང་། འཁྱིམ་པ་དང་། ལྡང་བ་དང་། བཤར་བ་དང་། ཤ་པ་དང་། ལྡེམས་པ་དང་། འབུས་པ་དང་། འཁྲིས་པ་དང་། འཆས་པ་ལ་སོགས་པ་ཐ་དད་པའི




iiif viewer powered by OpenSeadragon

157a - 158a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo