| | e-texts navigator
|
156b1 མི་འདྲ་བ་ཞིག་འདྲ་བར་བཅོས་པ་ནི་མ་ཡིན་གྱི། མ་བཅོས། མ་བསླད། མ་བྱས་པ། མ་བརྩམས་པར་ཡེ་ནས་རང་བཞིན་གྱིས་དེ་ལྟར་སྣང་བ་ཉིད་དུ་ཟད་དོ།། དེ་ནས་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་གང་གི
156b2 ཡེ་ཤེས་འདི་ལྟར་ལྔ་ཁོ་ནར་ཟད་དམ། འོན་ཏེ་གཞན་ཐ་དད་པར་ཡང་སྣང་། སྨྲས་པ། ལང་ཀའི་བདག་པོ་ཡེ་ཤེས་ནི་གང་གི་དབང་གིས་ལྔར་ཡང་སྣང་ལ། བས་པ་ཤེས་མི་ཁྱབ་པ་དང་། སྐད་ཅིག་བཅུ་དྲུག་དང་། རིགས
156b3 གཅིག་པ་དང་། རྣམ་པ་གསུམ་དང་། དེ་ཁོ་ན་ཉིད་གསུམ་དང་། རྣལ་འབྱོར་བཞི་དང་། རང་འབུང་བ་གཅིག་གོ།། ལང་ཀའ་བདག་པོ་དེ་ལ་ཡེ་ཤེས་ལྔ་སོ་སོར་པ་འདྲེས་པ་ལས་རི་རིགས་ལྔར་སྣང་ལ། ཡོངས་སུ་རྫོགས་པ
156b4 ལས་ནི་སྲ་བཞེར་སྣང་ངོ་། ། འདི་ལྟ་སྟེ། རྩ་བའི་རྣམ་པར་ཤེས་པ་མ་ལོང་ལྟ་བའི་ཡེ་ཤེས་ལས་ན་རྡོ་རྗེ་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་།། སེམས་ཀྱི་ཆོས་ཉིད་ཆོས་བྱེ་དབྱིངས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ལས་ནི
156b5 གླང་པོའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་། ། དེ་ཉིད་ལ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་སྣང་ལ། ཡེ་ཤེས་དེ་གཉིས་འདུས་པ་ལས་ནི་ཆོས་ཀྱི་སྐུར་སྣང་ངོ་།། དམིགས་པའི་རྣམ་པར་ཤེས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས
156b6 ལས་ནི་ནོར་བའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་། ། ཀན་དུ་སྣང་བའི་རྣམ་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་ལས་པད་མོའི་གདུང་དང་སྡེའི་སངས་རྒྱས་ཤ་དག་ཏུ་སྣང་ངོ་།། ཡེ་ཤེས་དེ་གཉིས་འདས་པ
156b7 ལས་ནི་རྫོགས་ལོངས་སྤྱོད་པའི་སྐར་སྡང་ངོ་། ། འཇུག་པའི་རྣམ་པར་ཤེས་པ་བྱ་བ་གྲུབ་པའི་ཡེ་ཤེས་ལས་གཞོན་ནུའི་གདང་དང་སྔོའི་སངས་རྒྱས་ཤེ་དག་ཏུ་སྣང་ངོ་།། དེ་ཉིད་ལས་གསང་བའི་སྐུ་དང་སྤྲུལ་པའི་སྐུ་ཐ་ད
156b8 པར་སྣང་ངོ་། ། སྤྲུལ་པའི་ཐ་དད་པ་ལས་ནི་ཡི་གེ་ཐ་དད་པ་དང་། ཚིག་ཐ་དད་པ་དང་། ཆོས་ཀྱི་སྒོ་དཔག་ཏུ་མེད་པ་དང་། སྐུ་གདུང་དང་རིང་བསྲེལ་ཐ་དད་པར་སྣང་སྟེ། དེ་དག་ནི་ཐེག་པ་ཆེན་པོ་གས་པ་སྔགས་ཀྱི་སྒོ
iiif viewer powered by OpenSeadragon
156a - 157a