| | e-texts navigator
|
153b1 ནི་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ལ་གནས་པ་ཤ་དག་ཏུ་གྱུར་ཏོ། ། ལ་ལ་ནི་ལུང་ཆེན་ཐོབ་པའི་རྣལ་འབྱོར་ལ་གནས་ཤ་དག་ཏུ་གྱུར་ཏོ།། ལ་ལ་ནི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ་གནས་པ་ཤ་དག་ཏུ་གྱུར་ཏོ།། དེ་ལྟར་ན
153b2 དེའི་ཚེ་དེའི་དུས་ཉིད་ན་འདུས་པའི་ཚོགས་ཕལ་མེ་ཚོ་དེ་དག་ནི་རྡོ་རྗེ་མིང་གིས་དབང་བསྐུར་བས་དབང་བསྐུར་ཏེ། ། ལ་ལ་ནི་རྡོ་རྗེ་མཱ་ཀུ་ཞེས་བྱ་བར་གྲགས་པར་གྱུར་ཏོ།། དེ་བཞིན་དུ་ལ་ལ་ནི་ཆོས་ཀྱི་མྱུ་གུ་ཞེས་བྱ་བར་གྲགས་སོ།།
153b3 ལ་ལ་ནི་རིན་ཆེན་མ་ག་ཞེས་བྱ་བར་གྲགས་སོ།། ལ་ལ་ནི་རྣ་བའི་རྩལ་ཞེས་བྱ་བར་གྲགས་སོ།། ལ་ལ་ནི་ཉི་མའི་མདངས་ཞེས་བྱ་བར་གྲགས་སོ།། ལ་ལ་ནི་སེང་གེའི་རྩལ་ཞེས་བྱ་བར་གྲགས་སོ།། ལ་ལ་ནི་ནམ་མཁའི་རྡོ་རྗེ
153b4 ཞེས་བྱ་བར་རྫོགས་སོ། ། དེ་དག་ལ་ས་མ་རུངས་པ་ཁ་ཅིག་ནི་ལ་ལ་ནི་རྡོ་རྗེ་སྦྱང་ཀི་ཞེས་བྱ་བར་གྲགས་སོ།། ལ་ལ་ནི་རྡོ་རྗེ་དུས་མཚམས་ཞེས་བྱ་བར་གྲགས་སོ།། ལ་ལ་ནི་རྡོ་རྗེ་ཕྱོགས་འདུལ་ཞེས་བྱ་བར་གྲགས་སོ།། ལ་ལ
153b5 ནི་རྡོ་རྗེ་དུར་ཁྲོད་ཞེས་བྱ་པར་གྲགས་སོ། ། རུ་དྲ་ནག་པོ་དེ་ཁོ་ན་ཉིད་ནི་རྡོ་རྗེ་རོ་ལངས་དུར་ཁྲོད་ཀྱི་བདག་པོ་ཞེས་བྱ་བར་གྲགས་ཏེ།། བསྐལ་པ་ཆེན་པོ་བཟང་པོའི་ཡུན་དུ་གནས་ནས་རྣལ་འབྱོར་ཡོངས་ཀྱི་མགོན་པོ་དགེ་བསྙེན
153b6 ལེགས་ལྡན་ནག་པོ་ཞེས་བྱ་བར་གྱུར་ནས་གང་དག་ཆོས་སྲུངས་པ་རྣམས་ཀྱི་སྲུངས་མའི་བྱ་བ་བྱེད་དོ། ། བསྐལ་པ་ཕྱི་མ་ལ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ
153b7 ཐལ་བའི་དབང་པོ་དབྱངས་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་པར་འབུར་ལོ། ། ལུང་བ།། ན་ཐོབ་པ་ཀུར་ཏོ།། ལང་ཀའི་བདག་པོ་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ།། ཀུན་དུ་རབ་དུ་གཡོས། ཀུན
153b8 རུ་རབ་ཏུ་གཡོས་པར་གྱུར་ཏོ། ། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ།། ལྡེག་རབ་ཏུ་དགེ་བན་དུ་བ་ཏུ་ག་གོ། འུ་ང་འུད། ཀུན་ཏུ་རབ་ཏུ་འུར་རོ།། ཆེ་མ་རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ།། མཐའ་མཐོན་དབུས་ངམའོ།།
iiif viewer powered by OpenSeadragon
153a - 154a