| | e-texts navigator
|
153a1 གཉིས་མེད་དོན་གྱི་དབྱིངས་ལས་བྱུང་། ། དབྱངས་ནི་མི་འཇིག་རྡོ་རྗེ་སྟེ།། འདུ་འབྲལ་མེད་པར་གཅིག་པ་ལན།། གསང་བ་གསུམ་གྱི་དབྱིངས་ཉིད་དུ།། གཉིས་སུ་མེད་པར་ནན་ཏན་མཛོད་ཅེས་གསོལ་ཏོ།། དེ་ནས་སྐྱེས
153a2 བུ་ཆེན་པོ་དེས་བཀའ་སྩལ་པ། ། རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱེད།། རྡོ་རྗེ་ཅན་དུ་གཅིག་ངེས་ན།། གསང་བ་གསུམ་དུ་མཉམ་པའི་ཕྱིར།། མི་ཕྱེད་རྡོ་རྗེ་དམཆོག་སྦྱིན།། མི་བྱེད་རྡོ་རྗེ་དམ་ཚིག་གི།། གསང་བ་གསུམ་གྱི་དབྱིངས་ནས་ཕྱུ་བཾ།།
153a3 དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི།། གྲུབ་ན་འཇིག་པའི་དུས་མེད་དོ་ཞེས་བཀའ་སྩལ་ཏོ།། ཡང་འདུས་པའི་ཚོགས་ཀྱིས་གསོལ་པ།། འདུ་འབྲལ་མེད་པའི་ཆོས་ཀྱི་སྦྱར།། རིགས་མི་དུན་ཡང་དམ་ཚིག་གཅིག། འདའ་བར
153a4 དཀའ་བས་བསྡུས་པས་ན། ། དམ་ཚིག་ཅན་དུ་ནན་ཏན་མཛོད་ཅེས་གསོལ་ཏོ།། དེ་ནས་ཡང་སྐྱེས་བུ་ཆེན་པོ་དེས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བ་གསུམས་གྱི་དམ་པ་རྣམས།། ཁྱེད་ཀྱིས་རབ་ཏུ་བསླུས་གྱུར་ན།། །
153a5 དེ་ཀུན་ཁྲོས་ནས་ཁྲག་ཆེན་པོ།། ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་ཞེས་དམ་ཚིག་དམ་པ་བྱིན་ནོ།། དེ་ནས་ཡང་སྐྱེས་བུ་དམ་པ་དེས་བཀའ་སྩལ་པ།། མའོངས་སངས་རྒྱས་བློ་ལྡན་ཁྱོད།། བླ་མེད་ཡེ་ཤེས་བསྐྱེད་པའི
153a6 ཕྱིར། ། རྒུད་སྦྱོར་གསང་བ་གསུམ་དུ་བཞུགས།། རང་གི་མེ་ལོང་ཉིད་ལ་ལྟོས།། གནས་གསུམ་ཉིད་དུ་བཀོད་པ་ཡི།། གསང་ཆེན་གསང་བར་བ་གསང་བ།། མཐོང་བས་དེ་བཞིན་ཉིད་དུ་འགྱུར།། གཞན་མིན་རང་བྱུང་དེ་ཁོ་ན།།
153a7 བློ་ཆུང་རྣམས་ལ་མ་སྨྲ་ཤིག། གལ་ཏེ་སྦས་པར་གྱུར་ན་ནི།། ཐ་ཚིགས་དྲག་པོ་ས་ཉམས་འགྱུར་ནས།། མེ་ཆེན་འབར་བའི་གནས་སུ་སྲེག་ཅེས་དམ་ཚིག་དམ་པ་བསྒྲགས་སོ།། ལང་ཀའི་བདག་པོ་འདུས་པའི་ཚོགས།།
153a8 དངག་འདི་ལྟར་གསང་བ་གསུམ་གྱི་དམ་པར་བཞུགས་པ་དེའི་ཚེ་དེའི་དུས་ན་ལ་ལ་ནི་འདུན་པའི་རྣལ་འབྱོར་ལ་གནས་པ་ཤ། བདག་ཏུ་གྱུར་ཏོ།། ལ་ལ་ནི་རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ་གནས་པ་ཤ་དག་ཏུ་གྱུར་ཏོ།། ལ་ལ
iiif viewer powered by OpenSeadragon
152b - 153b