e-texts navigator
Collection
Volume
Page
Wylie

152a1 6། ། དེ། རེ་སྐད་ཅེས་བཀའ་བུལ་པ་ལས།། འདུས་པ་ཆེན་པོའི་ཚོགས་ཀྱིས་གསོལ་པ། དཔའ་བོ་ཆེན་པོ་བདག་ཅག་དཀྱིལ་འཁོར་གསུམ་དུ་གཞུག་ཏུ་གསོལ།། སྐྱེས་བུ་ཆེན་པོ་ཡང་དག་པར་གཞུག་ཏུ་གསོའོ།། དེ་སྲད་ཅས
152a2 གསོལ་པ་ལས། སྐྱེས་པ་ཆེན་པོ་དེས་བཀའ་སྩལ་པ།། རྣལ་འབྱོར་འཇུག་པའི་བྱས་པ་བྱེད།། འཇིག་རྟེན་དྲུག་ལས་དྲངས་ནས་ཀྱང་།། འདས་དང་མ་འདས་ས་མཚམས་ཀྱི།། འགྱུར་དབང་མ་ངེས་ས་ལ་གཞག་ཅེས་གསུ
152a3 སོ་དེ་ནས་འདུས་པའི་ཚོགས་པས་འང་སད་གསོལ་ཏོ། ། དཔའ་བོ་ཆེན་དགོངས་སུ་གསོལ།། བདག་ཅག་སྐལ་ལྡན་འདུས་པའི་ཚོགས།། སྒོ་འདིར་འཇུག་པར་འཚལ་ལགས་ན།། རྒྱལ་བའི་སྲས་སུ་གཟུང་དུ་གསོལ་ཞེས
152a4 གསོལ་བ་ལས། ། སྐྱེས་བུ་ཆེན་པོས་བཀའ་སྩལ་པ།། སྐལ་ལྡན་འདུས་པའི་ཚོགས་ཆེན་བྱེད།། བདེ་བར་འོངས་སོ་ལེགས་པར་འོངས།། གྲུབ་པ་ལང་གི་གསང་སྒོ་འདིར།། སུ་དག་འོངས་པ་སྲང་པི་ལོག་ཅེས་གསུངས་སོ།།
152a5 དེ་ནས་འདུས་པའི་ཚོགས་དེ་དག་བྱང་ཆུབ་ཏུ་འགྱུར་བའི་ལྷག་པའི་སེམས་འདི་ལྟར་སྐྱེས་སོ།། བདག་ཅག་མཐའ་ཡས་སེམས་ཅན་རྣམས།། དོན་གྱི་སངས་རྒྱས་ཡིན་མོད་ཀྱང་།། རྟོག་པའི་དབང་གིས་འཁོར་བ་ལ།། བྱང་ཆུབ
152a6 མ་ཆོག་ཏུ་སེམས་བསེད་དོ། ། སེམས་ཉིད་སངས་རྒྱས་ཡིན་པ་ལས།། ཕུན་པས་བསྒྲིབས་པས་དེ་མ་ཤེས།། བྱང་ཆུབ་སེམས་ཀྱི་ལམ་འདི་ནས།། སངས་རྒྱས་ས་ལ་འཇུག་པར་བརྩ་ཞེས་གསོལ་ཏེ།། དེ་ནས་ཡང་འདུས་པའི་ཆོ་ག
152a7 རྣམས་ཀྱིས་གསོལ་པ། ། བང་ཆེན་ལྡ་གུབ་གཞལ་ཡས་འདིར།། རྣམ་པར་ཐར་པའི་སྒོ་བཞིནས།། ཚད་མེད་ཐུགས་རྗེའི་སྒོ་ཕྱེ་ནས།། བྱམས་པའི་ཞལ་བཟངས་བསན་དུ་གསོལ་ཞེས་གསོལ་ཏོ།། འདས་སྐྱེས་བུ་ཆེན་པོ
152a8 དེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཨེ་མའོ་། ལ་ལྡན་འདུས་པའི་ཚོགས།། འཁོར་བའི་ལམ་སྒོ་ཀུན་བཅད་དེ།། བྱང་ཆུབ་ལམ་ལ་གཟུང་བའི་ཕྱིར།། རྡོ་རྗེ་གསང་སྟེ་དབྱེ་བར་བྱ་ཞེས་གསུངས་ཏེ་ཞལ་འཛུམ་པའི་མདངས་ལྔ




iiif viewer powered by OpenSeadragon

151b - 152b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo