e-texts navigator
Collection
Volume
Page
Wylie

151b1 ལོག་པར་ལྟ་བས་ཁྱོད་རེ་འཁོར། ། ལོག་པར་ལྟ་བས་ཁྱེར་རེ་འཚོག། ཇི་ལྟར་ཁྱོད་ནི་ཐམས་ཅད་དྲ།། ཡེ་ནས་རྒྱལ་བའི་སྲས་ཡིན་ན།། གྲོང་ཁྱེར་གསུམ་དུ་ཅི་སྟེ་འཁོར།། རང་རང་རྣམ་རྟོག་ལས་འོནའོ།། ལས
151b2 ཀྱི་རྒྱ་མཚོ་དཔའ་རླབས་དང་། ། བདག་ཏུ་འཛིན་པའི་འདུད་པ་དང་།། ཁོང་ནས་འབང་བའི་མེ་ཆེན་དང་།། ཀུན་ནས་འཐིབས་པའི་མུན་ན་ག་དང་།། དངོས་པོ་རྟོག་པའི་གཅོང་རིང་དང་།། རྣམ་པར་གཡེང་བའི་ཆུ་བོ་དང་།། བོ་ན
151b3 འཁྱིལ་བའི་གྱ་རྣམས། ། རང་བྱུང་རྡོ་རྗེ་མ་བྱས་ན།། གཞན་ལ་རེ་གསོལ་གདུང་སྐྱེས་པ།། ཆུ་འདོད་སྡིག་གསག་པ་འདྲ།། གང་འདིར་ཉིད་འདར་མ་སྦྱར་ན།། གཞན་གྱིས་བདེ་བ་དག་ལ་འགྱུར།། ཡེ་ནས་བདེ་བང་གནས་བཞིན
151b4 དགདོང་གང་དུ་བདེ་རོལ་བ། ། བརྩལ་བས་རྙེད་པར་ཡོད་མི་འགྱུར།། སྡུག་བསྔལ་ཉིད་ལ་མངོན་པར་རྒ།། འོག་མ་དག་ལས་མར་བྱང་བ།། དེ་ཉིད་ཡིནས་མར་མེད་པ།། ཐབས་མཆོག་དཔག་མེད་རྒྱལ་བས་ཀྱང་།། བསྲུབས
151b5 བ་མ་གཏོགས་དེ་མི་རྙེད། ། དེ་བཞིན་རང་གི་དེ་ཉིད་ལས།། བཙལ་ཀྱང་རྒྱལ་བས་མི་བརྙེས་ན།། ཁྱེད་ཅི་གཞན་ལམ་བདེ་འདོད་དམ།། མི་ཤེས་བློ་ཆུང་སྙིང་རེ་རྗེ་ཞེས་བཀའ་སྩལ་པ་དང་།། ལང་ཀའི་བདག་པོ་དབང་ཕྱུག་ཆེན
151b6 པོ་ལ་སོགས་པ་འདུས་པ་ཕལ་པོ་ཆེའི་ཚོགས་ཀྱིས་གསོལ་པ། ། ཀྱེ་སྐྱེས་བུ་ཆེན་པོ་བདག་ནག་རྣམས་རང་རང་གི་དེ་ཁོ་ན་ཉིད་བལྟ་བར་འཚལ་ན་འདི་ལྟར་ཡོངས་སུ་བལྟ་བར་གྱིས་ཞེས་གསོལ་པ་ལས།། སྐྱེས་བུ
151b7 བེ་དེས་བཀའ་སྩལ་པ། ། ཀྱེ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས་རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན་དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིབ་ཏུ་འཇུག་པར་བྱའོ།། དེ་ཡང་རྩ་བ་བྱང་ཆུབ་སེམས
151b8 དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིདི་སོ་སོ་མ་ཡིན་ཐ་མ་དད་དོ།། དེ་ཡང་པོ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི




iiif viewer powered by OpenSeadragon

151a - 152a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo