e-texts navigator
Collection
Volume
Page
Wylie

151a1 ཞེས་ལུས་འབངས་སུ་ཕུལ་ལོ།། དེ་ནས་གནོད་སྦྱིན་གྱི་ཚོགས་ཀྱིས་ཤིན་དུ་དུས་ནས་སྨྲས་ཏེ་གསོལ་བ། ཐབས་མཁས་ཐུགས་རྗེ་དྲུ་གཟིངས་དགོངས་སུ་གསོལ།། འཁོར་བའི་རྒྱ་མཚོར་འཁྱམས
151a2 བདག་ཅག་རྣམས། ། སྡུག་བསྔལ་ཟ་ཀློང་འཇིངས་སུ་བྱིང་གྱུར་པ།། སྲས་ཀྱང་མ་མནན་གནོན་པར་བྱེད་མེད་དེ།། རྣམ་རྟོག་དངོས་པོར་འཛིན་པའི་རི་བོས་མ་ནན།། ལས་ཀྱི་ཆུ་བོས་འཁོར་བར་གཡེངས་པ་ལ།། དངོས་པོར
151a3 འཛིན་པའི་བཀའ་མགས་བསྐྱེར་བས། ། ལས་དབང་དྲག་པོ་ཚུའོ་རྐྱེན་མི་འཆད།། མཐར་འབེག་པར་དཀའ་བའི་སྡུག་བསྔལ་ལས།། ཐབས་མཁས་ཐུགས་རྗེའི་གྲཝ་ཡིས་བསྒྲལ་དུ་གསོལ་ཞེས་སྐྱབས་དམ་པར་དོང་ངོ་།། དེ
151a4 ནས་འབྱུང་པོའི་ཚོགས་ཀྱིས་ཤིནི་དྲངས་ནས་སྨྲས་ཏེ་གསོལ་པ། ། རང་འབྱུང་བདུད་རྩིའི་རྒྱལ་པོ་དགོངས་སུ་གསོལ།། དུག་ཆེན་གླིང་དུ་འཁྱམས་པ་བདག་ཅག་རྣམས།། ཀུན་ནས་མོས་པ་མོས་ཤིང་ཉམས་གྱུར་པ།
151a5 སས་ཀྱང་མ་སྦར་སྦྱོང་བར་བྱེད་མེད་དེ།། ཕྱིན་ཅི་ལོག་ཏུ་ལྟ་བའི་དུག་གིས་བྱས།། དུག་ཆེན་ནད་ཀྱིས་རྔམ་ཤེས་གཟིར་བ་ལ། ཁོང་ནས་འཁྱིལ་བའི་དུག་རྣམ་བཅད་པས།། དུ་གནང་འབང་བའི་སྡུག་བསལ་རྫུན་མ
151a6 ཆད། མི་ཟད་བཟོད་པར་དཀའ་བའི་སྡུག་བསྔལ་ལ།། རང་འབྱུང་དག་པའི་བདུད་རྩིས་ཕྱག་ཏུ་གསོལ་ཞེས་སྐྱབས་དམ་པར་དོང་ངོ་།། དེ་ནས་ཡང་རྡོ་རྗེ་སྲིན་པོ་དེས་བཀའ་སྩལ་པ།། ཡིན་ནི་ལེགས་སོ་རིགས་ཀྱི་བུ
151a7 དྲང་དག་གིས་ཁྱོད་རེ་འཁོར། ། དུདྲ་དག་གིས་ཁྱོད་རེ་འཚེག། བདག་ཏུ་འཛིན་པས་ཁྱོད་རེ་འཁོར།། བདག་ཏུ་འཛིན་པས་ཁྱོད་དེ་འཚོག། ཞེ་སྡང་དག་གིས་ཁྱོད་རེ་འཁོར།། ཞེ་སྡང་དག་གིས་ཁྱོད་རེ་འཚོག། གཏི་མུག
151a8 གིས་ཁྱོད་རེ་འཁོར། ། གཏི་མུག་དག་གིས་ཁྱོད་རེ་འཚེག། འདོད་ཆགས་དག་གིས་ཁྱོད་རེ་འཁོར།། འདོད་ཆགས་དག་གིས་ཁྱོད་རེ་འཆོག། ཆུ་བོ་བཞི་ཡིས་ཁྱོད་ལ་འཁོར།། ཆུ་བེ་བཞི་ཡིས་ཁྱེད་རེ་ཚ




iiif viewer powered by OpenSeadragon

150b - 151b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo