e-texts navigator
Collection
Volume
Page
Wylie

150b1 གསོལ་པ། དཔའ་བོ་སྒེག་པོ་ཆེན་པོ་དགོངས་སུ་གསོལ།། མྱ་ངན་གླིང་དུ་འཁྱམས་པའི་བདག་ཅག་རྣམས།། མེ་ཆེན་འབ་རབས་གདུངས་ཤིང་སྲེག་འགྱུར་བ། སུས་ཀྱང་མ་བསྲེགས་སྲེག་པར་བྱེད་མེད་དེ།། མི་ཟད་རྣམ་སྨིན་དྲག
150b2 པོ་འདི་ལས་བྱུང་། ། ཞེ་སྡང་འབར་བས་རང་རྒྱུད་བསྲེགས་པ་ལ།། བདག་འཛིན་ཁོད་ནས་འབར་བ་མ་བསད་པས།། ཀུན་དུ་སྲེག་ཅིང་གདང་བཙུན་པ་མ་འཆང་།། མ་ཟློགས་ཞི་བར་དཀའ་བའི་སྡུག་བསྔལ་ལས།། ཐུགས་རྗེ་བསིལ
150b3 བའི་ཆར་རྒྱུན་དབབ་དུ་གསོལ། ། ཇི་ལྟར་ཁབ་ལེན་རྡོལ་ལྕགས་འདུ་ལྟར།། དེ་ནས་བཟུང་སྟེ་དཔའ་བོའི་འབངས་སུ་མ་ཆ་ཞེས་སོ་སོའི་ཐོད་པ་ཁྲག་གིས་བཀང་བ་བསྟབ་སོ།། དེ་ནས་ལོག་སྲིད་ཅན་གྱི་ཚོགས་ཀྱིས་ཤིན་དུ་དུས
150b4 ནས་སྨྲས་ཏེ་གསོལ་པ། ། ཀུན་སྣང་མུན་སེལ་སྒྲོན་མ་དགོངས་སུ་གསོལ།། མུན་ནག་སྤག་ཏུ་འཁྱམས་པ་བདག་ཅག་རྣམས།། ལམ་ནོར་ལམ་སྟོང་ཀུན་དུ་འཐོམས་འགྱུར་ཏེ།། སུམ་ཀྱང་མ་བཀག་འགོག་པར་བྱེད་མེད་དེ།། བདག་ཏུ
150b5 རྨོངས་པའི་མརིག་མུན་པས་བསྒྲུབས། ། རྣམ་ཤེས་གཏི་མུག་མན་པས་འཐིབས་པ་ལ།། བདག། རྨོངས་པས་མུན་པམ་པ་སེལ་བས།། ཀུན་ནས་བསྒྲིབས་པའི་མུན་ནག་རྒྱུན་མི་འཆད།། སྲག་ཆེན་སངས་པར་བཀའ་བའི
150b6 སྡུག་བསྔལ་ལ། ། མཁྱེན་རབ་གསལ་བའི་སྒྲོན་མ་བསྟན་དུ་གསོལ་ཞེས་སྐབས་དམ་པར་དོང་ངོ་།། དེ་ནས་མི་དང་མི་མ་ཡིན་པའི་ཚོགས་ཀྱིས་ཤིན་དུ་དུ་སེ་ནས་སྨྲས་ཏེ་གསོལ་པ། ཐབས་མཁས་ཐུགས་རྗེ་སྨན་པ་དགོངས་སུ་གསོལ
150b7 གྲོང་ཁྱེར་གསུམ་དུ་འཁྱམས་པ་བདག་ཅག་རྣམས། ། འཁོར་བའི་གཙད་དད་ནད་ཀྱིས་ཟིན་གྱུར་པ།། སུས་ཀྱང་མ་བཟུང་འཛིན་པར་བྱེད་མེད་དེ།། བདག་འཛིན་ཉོན་མོངས་མ་རིག་ནད་ཀྱིས་བཟུང་།། ཟུག་རྔུ་བཟོད་དཀས་རྣམ
150b8 ཤེས་གཟེར་བ་ལ། ། དངོས་པོར་འཛིན་པའི་གཅོད་རྙིང་མ་སངས་པས།། ཀུན་ནས་གདུང་བའི་དྲུག་རྔུ་རྐུན་མི་འཆད།། ཐར་མེད་འཚེ་བར་དཀའ་བའི་སྡུག་བསྔལ་ལས།། ཐབས་མཁས་ཐུགས་རྗེའི་སྨན་གྱིས་སྦྱང་དུ་གསོལ།




iiif viewer powered by OpenSeadragon

150a - 151a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo