| | e-texts navigator
|
150a1 པར་འགྱུར་ཏེ། ཐེ་ཚོམ་ཆད་པའི་སྒོ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཤིན་དུ་ངུས་ནས་སྨོས་ཏེ་གསོལ་པ། གར་གྱི་དབང་ཕྱུག་གསན་ཅིང་དགོངས་སུ་གསོལ།། བདག་ཅག་རུ
150a2 འི་མཐའ་ལ་ཞེན་པ་རྣམས། ། ལུས་དང་ལས་ཀྱི་འཁོར་བའི་དྲ་བའོད།། བཀའ་ཡི་གཏན་ཆགས་ཞིབ་མོས་མ་བཀྲོལ་ཞིང་།། ཤེས་རབ་ཟབ་མོ་དམིགས་བུས་མ་ཕྱེ་བས།། རང་རིག་ཡེ་ཤེས་བློ་དངམ་ལྡན་ཞིང་།། ངེས་པར
150a3 ལེགས་པའི་གྲོས་ཀྱིས་མཆོད་དེ། ། གར་ཐབས་གློག་གིས་ཞགས་པས་མ་ཟིན་པས།། རྣམ་ཤེས་ལས་ཀྱི་རྒྱ་མཚོའི་དབས་བསྒྲིབས་ཏེ།། དེ་ཉིད་དེ་བཞིན་ཉིད་དུ་དོམ་འཚལ།། གཏི་མུག་རང་སེམས་བདག་ཏུ་གཟུང་བས
150a4 ནོངས། ། ཤིན་དུ་འགྱོད་པས་གནོད་པའི་ཚུལ་བཟུང་བས།། དཔའ་བོ་ཆེན་པོ་ཁྱོད་ལ་སྐྱབས་སུ་མཆི།། དངོས་པོ་སྦྱང་ཕྱིར་བདག་ལུས་བདན་དུ་དབུལ།། ཐབས་མཁས་ཐུགས་རྗེས་ལུས་འདི་བཞེས་སུ་གསོལ།། ཞེས
150a5 རང་གི་ལུས་ཞབས་ཀྱི་གང་ན་ཁྲིར་ཕུལ་ལོ། ། དེ་ནས་འགྲིན་ནག་པོ་ལ་སོགས་པ་ཀླུ་ཆེན་པོ་རྣམས་ཀྱིས་དུས་ནས་སྨྲས་ཏེ་གསོལ་པ། གཟི་བརྗིད་རྒྱལ་པོ་མངའ་བདག་དགོངས་སུ་གསོལ།། སྲིད་པའི་དྲ་བར་འབྱམས
150a6 པ་བདག་ཅག་རྣམས། ། བཅིང་བ་ལྔ་ཡིས་ཀུན་དུ་བཅིངས་གྱུར་པ།། སུས་ཀྱང་མ་བཅིངས་བཅིང་བར་བྱེད་མེད་དེ།། བདག་ཏུ་འཛིན་པའི་རྣམ་རྟོག་ལས་ཀྱིས་བཅིངས།། སྣ་ཚོགས་ལུས་དང་འདུ་ཤེས་གནས་ལ་སོགས
150a7 བདག་འཛིན་གྲོང་ཁྱེར་གསུམ་གྱི་བརྩོན་འདིར། ། འཁོར་བའི་བཙན་ཆས་རྣམ་ཤེས་བཅིངས་པ་ལ།། བདག་ཏུ་འཛིན་པའི་བདུད་པ་མ་བཀྲོལ་བས།། ཀུན་དུ་བཅིངས་པའི་མདུད་པ་རྒྱུན་མི་འཆད།། མི་ཤེགས་དགྲོལ་བ
150a8 དཀའ་ཡི་སྡུག་བསྔལ་ལས། ། ཐུགས་རྗེའི་མདུད་དགྲོལ་ཐབས་ཀྱིས་དཀྲོལ་དུ་གསོལ་ཞེས་ལུས་སྐུའི་རྒྱན་དུ་ཕུལ་ལོ།། དེ་ནས་སྲིན་པོའི་རྒྱལ་པོ་ཤ་ཏྲེང་གསེར་བུ་ལ་སོགས་པ་རྣམས་ཀྱིས་ཤིན་དུ་ངུས་ནས་སྨྲས་ཏེ
iiif viewer powered by OpenSeadragon
149b - 150b