e-texts navigator
Collection
Volume
Page
Wylie

148a1 བསལ་བའི་རླུང་གིས་གཏོར། ། དང་པོ་བཀའ་མགོ་ལོག་པ་ཉེས།། དེ་ནས་མངོན་པ་ར་བ་འི་ཆགས།། དེ་ནས་ཡིད་བཞིན་ནོར་བུ་བསྲེགས།། ཐ་མར་དངོས་པོ་བཞི་སྤྱད་པས།། རྣལ་འབྱོར་ཐེག་པ་ཆེན་པོའི་དོན།།
148a2 བརྟོགས་པ་དང་ལོག་པར་རྟོགས།། ཕྱོགས་རྟོགས་ཡང་དག་ཉིད་པ་རྟོགས། ཇི་བཞིན་མ་སྤང་འགྲོ་མར་གྱིས།། ངད་འགྲོའི་ལས་ལམ་རྐུན་བརྟགས་པས།། སྲིད་པ་ལོག་པའི་འབྲས་བུར་སྨིན།། ཨེ་མའོ་ལས་ངན་སྙིང་རེ་རྗེ།། ང་ནི
148a3 བཀའ་ཡི་ལས་མཁར་ཏ། ། བཀའ་ཡི་ལས་ཀྱི་ངས་སྤང་བས།། ངན་འགྲོ་གནས་སུ་འཁྱམས་པ་འདི།། འཁོར་བའི་གནས་རས་འདོན་པའི་ཕྱིར།། ལས་ངན་ལས་རྒྱུན་གཅད་པར་བྱ།། དངོས་པོར་སྨིན་པའི་སྡིག་པ་འདི།། རྡོ་རྗེ་རྣཔ
148a4 མཁའི་མཚོན་གྱིས་བསདཔ། ། ཤར་སོགས་ལས་སྐོའི་འཇིག་རྟེན་ན།། ཡང་དག་ཐར་ལམ་གཅོད་བྱེད་པ།། འབྱུང་པོ་གཏུམ་པ་གདོལ་པ་ཅན། ཁྱོད་ན་དེ་བཞིན་ཉིད་ལ་སྒྲིབ།། ཡང་དག་ངེས་པའི་བློ་གྲོས་གྱིས།། འདས་བཅད་རྩད་བཅད་བདག
148a5 ལས་བྱུང་། ། བདག་འཛིན་བདག་གིནོག་པ་ཡི།། སྦྱིན་ཅི་ལོག་སྟོབས་བརྩོན་འགྲུས་ཀྱིས།། གནས་ངན་ལེན་པའི་དད་དཔོན་བྱེད།། ད་ཉིད་བདག་རྟོག་ཡིན་པས་ན།། བདག་མེད་ནམ་མཁའ་སྟོབས་ཀྱིས་གཞོམ།། དབང་སྦྱར་གད
148a6 པའི་ཐངས་པར་དང་། ། གཅོང་པ་མངོན་བ་མ6་དང་།། གཟིར་བ་བྱིན་ཐསམས་ཅན་གྱིས།། དུས་གསུམ་བགགས་ཀྱི་བདག་པ་དོན།། ཨན་མ། མན་ཤཱཙུ།། མ་ཀོ་ཏ་ཡ་ཧཱ། སརྦ་པཱ་པ་ས་ཏང་བར་དྲན་སསརྦ།
148a7 པཱ་བ་འདྲ་བར་དྲན།། ཐམས་ཅད་སྟོང་ཉིད་མ་སྦས་པས།། བསད་པས་བསད་པ་མེད་པའི་ཕྱིར།། སྒྲ་མ་སྤྱོད་པའི་ཆོ་འཕྲུལ་འདི།། སྙིང་རྗེ་ཆེན་པོའི་དམ་ཚིག་གོ། ངེས་པར་བསང་བའི་དམ་ཚིག་འདི།། དོན་སྟོན་བསད་པ་མ
148a8 ཡིན་ཏེ། རྔམ་ཤེས་གཟུགས་བྲལ་རྡོ་རྗེར་བྱ།། དེ་ཉིད་སླར་པ་བདམ་ཚིག་མཆོག། རྣམ་ཤེས་སྐྱུགས་བསྡུས་ཐབས་ནི།། ཁོ་ན་དེ་ཉིད་གཟུགས་པ་དབང་།། སྔོན་དུ་གནས་པའི་ཚུལ་བཞིན་དུ།། པ་ཉམས་བདེ་བ་ཆེན




iiif viewer powered by OpenSeadragon

147b - 148b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo