e-texts navigator
Collection
Volume
Page
Wylie

147b1 སྟེ་ཉི་ཤུ་བཟང་པའོ། ། །། དེ་ནས་རྡོ་རྗེ་སྲིན་པོ་དེས་ལས་ཀྱི་སྲིན་པོ་དེ་ལོག་པར་ལྟ་བ་སུན་བྱུང་བས་ལས་ཀྱི་སྒྲིབ་པ་རྒྱན་བཅད་པའི་ཕྱིར་སྤྲོ་བའི་བརྒྱད་ཆེན་པོས་རྣམ་པར་སྤྲོས་པ་ནི་འདི་ལྟ་སྟེ།། སྡིག་ཅན་ལོས་པའི་སྟབས
147b2 ལྡན་དེ། ། ཐོག་མ་མེད་པའི་དུས་མཐའ་ནས།། སྲིད་པའི་འཁོར་ལོར་འགམས་པར་དས།། ཉེས་བྱས་རྩ་བ་རང་ཉིད་ལས།། ཐམས་ཅད་འབུང་བར་ཉེས་པར་ངེས།། བསལ་པ་གྲངས་མེད་དེ་སྐད་དུ།། སྐྱེ་བ་མང་པོ་ལུས་བླངས་ནས།
147b3 གཟུགས་བུར་གྲངས་མེད་ཞིག་འགྲུབ་ཞི།། གནས་སྟོང་གསུམ་ཇིག་རྟེན་མས།། ག་ཁྲག་རྒྱ་མཚོར་འཁྱིལ་འགྱུར་ཡང་།། དོན་མེད་པ་བནི་རུ་ཀྲེས་པ།། སྲས་ཀྱང་མ་བས་རང་གི་ལས།། དེ་ཙམ་ཆོག་གིག་དོན་སྤྱད
147b4 ཙ་མེད་ཀྱི་སངས་རྒྱས་ཟིན། ། ལུས་རྣམས་ཡོངས་སུ་གཏོད་པ་ཡི།། མ་ཆགས་སྟོམས་ལྡན་ཆེན་པོ་རྣམས།། བཀྲེས་པས་ཉན་པའི་འགྲོ་བ་ལ།། ཤ་རུས་ཁྲག་ཅམ་བཏང་བས་ཀྱང་།། ཟག་མེད་རྣམ་ཐར་པ་དེ་ཐོབ་ན།
147b5 མོའི་དོན་ལ་རྗེས་ནི་དགོས།། རང་ལུས་གཏོང་བར་མི་ཕོད་ཅིང་།། ཆགས་པའི་མཐའ་ལ་མངོན་ཞེན་པས། ཁམས་གསུམ་འཁོར་བའི་འབརྒུད་ཅིང་།། ཟུག་རྔུའི་ནད་ཀྱིས་གཟིང་བ་ཡིན།། སྲིད་པའི་བཙོད་པར་ཆུང
147b6 མཁའ་ཡ་དད་པས་ཉེས་པར་ངེས། ། མུན་པའི་གྲོང་དུ་འཁམས་པ་འདི།། ཁྱད་པར་མོངས་པས་ཉེས་པར་ངེས།། ཟར་མེད་འདམ་དུ་བྱི་ས་འདི།། འདོད་སྲིད་འདུས་པས་ཉེས་པར་ངེས།། བློ་ངན་ཚབས་གདུངས་པ་འདི།
147b7 བའི་ལས་ཀྱིསཉེས་པར་ངེས།། སྡུག་བསྔལ་རི་ངོ་ད་པའ།། ། ངརྒལ་བརྩེགས་པ་སཉེས་པར་དེས།། འཁོར་བའི་རླུང་སྒོར་ལྷུང་བ་འདི།། ལས་ཀྱི་རང་གིས་ཉེས་པར་ངེས།། ར་ས་བནར་བའི་དུ་ཏ་ཁྱོད།། ཡེ་ནས་རྒྱལ
147b8 འི་སྲས་ཡིན་སྲིང་པའི་འཁོར་ལ་ཅི་སྟེ་འཁོར། ། དེས་ན་རང་གི་ལས་ཡིན་ཏེ།། སེམས་ཉིད་ནམ་མཁའ་ལྟ་བུ་ལ།། གཟུགས་སྣང་གློ་བུར་རྙེད་ཀྱིས་བསྒྲིབས།། གཟུགས་སྣང་རྟོག་པརྣམ་སྤྱད་ཕྱིར།། ཤེས་རབ




iiif viewer powered by OpenSeadragon

147a - 148a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo