| | e-texts navigator
|
147a1 ཐོས། སེ་བ་གང་ས་མེད་ཇི་སྙེད་དེ་ས་ལ།། རྩེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས།། བླ་མེད་བྱང་ནབ་དོན་པ་རབ་ས་ན།། དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས། དོན་གྱི་ཡོད་ཡེ་མྱ་ངན་འདས་ཟིན་ན།། ལས་ཀྱི་དབང་ཅན།
147a2 ཉོན་མོངས་སྟོབས་རྣབས།། ཤ་ཀྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམས།། སྡུག་བསྔལ་བཟོད་དཀའ་སྲིད་པའི་བཞོན་ད་ཆུད།། མི་ཟད་སྡུག་བསྔལ་དྲག་པོ་འདི་ལྟ་བུ།། ཉེས་བྱས་ཐམཡ་རང་གི་ལས་ལས་བྱུང་།། ཐུགས་རྗེ་ཆེན
147a3 ངོས་ལ་ས་ངན་ཟང་བཅད་དེ། ། ཉོན་མོངས་ལས་ཀྱི་རླུང་འདི་བཟློག་དུ་གསོལ།། མི་རིག་ལོག་པ་ལས་ཀྱི་དབང་བཙན་པས།། མི་ཤེས་བྲན་པའི་ནང་དྲི་གཏན་འགྲམས་ན།། ཡེ་ཤེས་སྨོན་པའི་ཟེར་གྱིས་མི་སྟོངས་སམ། ཤེས་བྱས
147a4 ཀྱི་འབྲས་བུ་མི་བཟོད་ན། ། འགས་རྗེ་ཆེན་པོའི་ཕྲིན་ལས་མི་མཛད་དམ།། པིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན།། ཐུགས་རྗེ་མར་འགྲོགས་ཕྱག་གིས་མི་འཛིན་ནམ།། དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན།
147a5 ཐབས་མལས་ཐུགས་རྗེའི་སྲན་གྱིས་མི་གསོའམ།། ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན།། ཐུགས་རྔ་བསིལ་བའི་ཆར་རྒན་མི་འབེབས་སམ།། སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་འགྱུར་ན།། ཐབས་མཁས
147a6 ཐུགས་རྗེའི་ལྗགས་ཀྱུས་མི་འདྲེན་ནམ། ཁམས་གསུམ་འཁོར་བའི་གནས་སུ་སྣང་སྐང་ནས།། ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཆ།། འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས།། བདག་ཉིད་ལས་འཕྲོ་བ་ཅན་པས
147a7 བཞག་ནས། ། ཐུགས་རྗེ་ཞེས་ན་སུལ་ཅི་ཞིག་བགྱི།། དཔའ་བོ་ཁྱོང་ལ་ཐུགས་ཏེ་སྟོབས་མངའ་ཞིང་།། སྔོན་བུད་འབྲེལ་བ་ལས་ཀྱི་འཕོ་བཚན་ན།། ཡལ་ཡོལ་བཏང་སྒོམས་ལེ་ལོ་མ་མཛད་པར།། སེ་ནས་ང་གཟིགས་ཐུགས
147a8 རྗེ་རྒྱལ་བའི་ལྷ་ཞེས་རང་གི་རྒལ་གྱི་རི་བོ་བཅག་ནས་སེང་གེར་མངོན་པར་སྤྲུལ་ནས་ཞབས་ཀྱི་གདན་ཁྲིར་ཕུལ་ལོ། ། སངས་རྒྱས་ཅན་ནི་དགངས་པ་འདྲེས་པའི་མདོ་ཆེན་པོ་ལས་ཐ་མེད་པ་ན་པཱི་གདུང་བ་གཏོན་པའི་ལེའུ
iiif viewer powered by OpenSeadragon
146b - 147b