| | e-texts navigator
|
146b1 སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད།། ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད།། ལས་ཀྱི་ཤུགས་ནི་རུ་བོའི་གཞུང་དང་འདྲ།། ལས་དབང་ཆུ་ཀླུང་འཕྲལ་དུག་ལ་ཟློགས།། རྣམ་སྨིན་ཐམས་ཅད་རང་གི་ལས་ལས
146b2 ང་ལས་ཀྱི་རླུང་མར་དྲག་པོ་ངེས་བབས་པས། ། བདག་ནི་དེང་སྔོན་བསྐལ་པ་གྲངས་མེད་དུ།། འཁོར་བའི་བརྩོནར་མུན་པར་འཁྱམས་པ་ལ།། ཉེ་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས།། ལས་དང་ཉོན
146b3 ཡོངས་སྒྲིབ་པ་གཏན་སྤངས་ནས། ། ལ་ལྟར་བྱམས་པའི་ཞབས་དུ་ད་ལྟར་འཁོད།། ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི།། ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པའི།། ཐོག་མ་མེད་ནས་མ་རིག་ལང་ཐོག་གི། ལྗོངས
146b4 བའི་ན་དུ་རི་རིག་གིས་མ་མཐོང་ན། ། འགྲོ་བའི་མགོན་ཁྱོད་དང་སྡང་གང་ན་བཞུགས།། ལས་དབང་དྲག་པོ་ཤིན་ཏུ་མི་ཟད་པས།། ཤིན་ཏུ་སྐྲག་ཅིང་སྐྱེ་གཡའ་རབ་འཇིགས་ནས།། དུང་དུང་གདུངས་པའི་སྨྲེ་སྔགས་འདི་འདོན་ཅིང་།། ཉམས
146b5 ཟག་ཡོངས་པའི་ང་རོ་གདོན་ལགས་ན། ། བྱམས་མགོན་ཐུགས་རྗེས་དུས་འདི་མ་དགོངས་ན།། ནམ་ཞིག་འཆི་འཕོ་ལུས་དང་བྲལ་བའི་ཚེ།། གཉེན་པོ་ཤེས་གྲོ།། དང་བྲལ་ནས་གཤིན་རྗེས་ཁྲིད།། དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ།། ལས
146b6 ཀྱི་དབང་གིས་བདག་འདྲ་ག་ཅི་གཞུར་ཁྲིད། ། དུས་དེར་བདག་ལ་མགོན་སྐབས་མ་མཆིས་ཀྱིས།། གང་གི་ཕྱི་ཤོལ་བུས་ལ་མ་བཞེམས་པར། ད་ལྟ་ཉིད་དུ་བསྟན་ཏེ་མངོན་སྤྱོད་མཛོད།། ལས་ཀྱིས་མནང་བའི་སྐྱེ་བོ་བདག་འདྲ་ལ།། ཐོག
146b7 མ་མེད་པའི་དུས་ནས་ལོག་བརྟགས་པས། ། ཁམས་གསམ་འཁོར་བའི་གནས་ནས་མཐར་ཏེ།། བསྐལ་པ་གྲངས་མེད་སྐྱེ་བ་དེ་སྙེད་དུ།། གདོས་བཅས་ལུས་བླངས་གྲངས་མེད་ཞིག་འགྱུར་ཏེ།། ཤརུས་བསགས་ན
146b8 འཇིག་རྟེན་གཏོས་དང་མཉམ། ། རྣག་ཕྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ།། ལས་འཕྲོ་བསགས་ནབསམ་འདས་བརྗོད་མོ་ལང་།། ཁམས་གསུམ་བགྲངས་ཤིང་སྐྱེ་ཤི་ཁ་བརྒྱད་ཀྱང་།། བྱས་པའི་ལས་རྣམས་དོན་མང་ཆུང
iiif viewer powered by OpenSeadragon
146a - 147a