| | e-texts navigator
|
145b1 མེད་ལ་གདུདབ་བཞན། ། ཡལ་གས་ཅན་ལ་ལྗང་ལྡང་བརྩེ་བར་གྱིས།། མཛའ་མོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན།། རྣལ་འབྱོར་ཅན་ལ་ཀྲིལ་ཀྲིལ་བརྩེ་བར་གྱིས།། ཇི་ལྟར་གཡོག་བཔས་དཔོད་ལ་སྙིང་བརྩེ་བའི་མ།། དམ་པ
145b2 རྣབས་ལ་ངེས་པར་ཉེ་བར་གྱིས་ཤེས་འཁོར་ཉེ་གནས་རྣམས་ལ་གདམས་དག་བོར་ནས་དཔའ་བོ་ཆེན་པོ་ལ་སྐྱབས་སུ་དོང་སྟེ་བཀའ་ཆེ་བ་ཡོངས་སུ་བསྲུང་བའི་ཕྱིར་རང་རྟགས་སྲོག་གི་སྙིང་པོ་ཕུལ་ཏེ་མདའ་དོར་རོ། ། དུལ
145b3 ཞེས་རང་གི་སྲོག་ལ་ཚད་བཞག་ལོ། ། དེ་རས་ཅོམ་ལྡན་འདས་ཀྱིས་ཡོངས་སུ་གནང་བ་ནི་འདི་ལྕེས།། མོ་རུ་ལུ་ར་ལུ་དྷུ་བྷྱོ་ཧཱུཾ་ཞེས་བྱིན་གྱི་བརླབས་ཏེ།། བསྲེགས་སྦྱངས་བདུལ་ནས་དགོངས་ཝལ་ཆུང་པར་བཞུགས་སོ།། སངས
145b4 རྒྱས་ཀུར་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བདུད་ཡོངས་སུ་བཏུལ་བའི་ལེའུ་སྟེ་ཉི་ཀུ་བདུན་པའོ། ། ། དེ་ནས་དེའི་ཚེ་དེའི་དུས་ན་དབང་ཕྱུག་ཆེན་པོའི་ཚོགས་རྣམས་འདི་ལྟར་རྟོག་སྟེ། ཨེ་མ་འདྲབ
145b5 པ་འདི། འདི་ལྟར་མཐུ་ཆེ་བ། འདི་ལྟར་དྲེགས་པ། འདི་ལྟར་གཏི་མུག་པ། འདི་ལྟར་ཆགས་པ། འདི་ལྟར་ང་རྒྱལ་བ། འདི་ལ་ལྟར་གཏུམ་པ་འདི་དཔའ་བོ་ཆེན་པོ་འདིས་རྣམ་པར་དོད།། ངེས་པར་ཡང་དག་པར་ད།། དུ་འདུདོན།
145b6 ཏེ་སྭཱ་པ་དུ་རྟོག་གོ། དེའི་ཚེ་དེའི་དུས་ནི་དེ་དག་གི་སེམས་ཀྱི་རྟོག་པས་རྟོག་པ་དྲག་པོ་རུ་རྦ་དའི་སེམས་ཀྱིས་ཡོངས་སུ་ཤེས་ནས་སྨྲས་པ།། ཀྱི་ཉེ་གནས་དམ་པ་དམས་གང་དེ་ལྟར་མ་རྟོག་ཤིག། སྔོན་ཁོ་བོའི་ལས་ཀྱི་འཕྲོ་དང
145b7 འབྲེལ་བ་ཅུག་ནས་དམ་པ་ཀུན་གྱིས་བ་ཤེས་གའི་ནང་དང་ཕྲང་བས་ལས་གཔས། ། ཕྲ་བ་ཤེས་སོ།། ལས་མཐོང་ངོ་།། སྐྱེ་བ་མཐེ་དང་།། ལས་མངོན་དུ་གྱུར་ཏེ།། སྐྱེབ་མངོན་དུ་གྱུར་ནས་རང་གི་ལས་ལ་དང་ཟག་འོས་པར་གྱུར།།
145b8 གང་སྐ། ཅིག་མར་བདེ་བ་ཆེན་པོའི་གཡུང་དྲུང་གི་པ་ཐང་མཐོང་བས་གང་འདི་ལྟར་བུད་མ་། སྒྲུམ་པའི་སྡུག་བསྔལ་གྱིས་ཉེན་པ་དགྱུར་པ་ན་འདི་སྙམ་དུ་སྡུག་བསྔལ་འདི་ནི་སྔོན་དུ་སྐྱེས་བསྟན་ཅིང་མང་དུ་སྤྱད་པའི་ལས་འབའ
iiif viewer powered by OpenSeadragon
145a - 146a