| | e-texts navigator
|
142a1 བརྣམས་ད། ། དར་མ་དང་ཁྲག་འཐུངས།། ཆགས་པསམས་པའི་མདངས་ཀྱིས་འཁོང་།། བམར་ཐོང་བཆགས་པའི་དབུས།། གནམ་ལུགས་འབར་བའ་གཟེང་ཆེན་གྱིས།། བརྟན་པར་བཏབ་པ་འ་ནང་བདག་པོ།།
142a2 ཉེགནས་པ་དྷི་ཤྭང་མ།། ཁྲོད་སོགས་ཁྲག་གིས་བཀང་བ་དང་།། འབྲུ་མར་རྫས་ལྔ་ཆང་སྤང་བ།། རྟག་པར་རང་ག་ལོངས་སྤྱོད་འཛིན།། ཆགས་པས་མོས་ཤིང་བརྐམ་པས་ན།། འདོད་པའི་དབང་མོ་བརྐམ་པར་གྲགས།། རུ་ད་བུ་མཐོང་རྡལ
142a3 པ། འབར་བ་ཆེན་པོའི་གར་དགུ་ཡིས།། བཅོམ་ལྡན་དབང་དུ་མཛད་པའི་ཕྱིར།། སྡེ་དཔོན་བཏུལ་བའི་འཁོར་འདུས་པ།། འཇིག་རྟེན་དབང་ཕྱུག་མཐུ་ཆེན་རྣམས།། བལ་ཆེར་ལས་ལ་ཐམ་སྐབས་སུ།། དཔལ་ཆེན་རྡོ་རྗེ་འཛིན
142a4 པ་དེའི། ། དེ་ཉིད་ཡང་དག་དངོས་མིན་པའི།། གཞོན་ནུ་སྙམ་ནས་བཏོན་པའི་སྲས།། རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས།། མཐིང་གནག་ཁྲོ་གཉེར་རལ་པ་ཅན།། འབར་བ་ཆེན་པོའི་གར་དགུང་མཛད།། དུར་ཁྲོ་བདག་པོ་ཇི་བཞིན་དུ།
142a5 དའ་དང་ཕྱག་ཞབས་དེར་མཛད་དེ།། བདུད་རྩི་ལྔ་ཡི་སྦྱོར་བ་ཡིས།། བཤང་པ་ལྔ་ནི་བདུད་རྩིར་བསྐུར་།། ཐམས་ཅད་སྟོང་ཉིད་བདུད་རྩིར་སྦྱངས།། ཉེ་གནས་ལ་སོགས་འཁོར་མོ་རྣམས།། སྤྱོད་ལ་མ་ཆགས་ཡེ་ཤེས་དང་།། བྱས་ལ
142a6 མི་སོགས་མིན་ལས་ཀྱིས། ། འཐུན་འཇུག་ཁྲིད་པའི་སྦྱོར་ཐབས་ཀྱིས།། དབང་བསྡུས་དང་སྦྱངས་སྤྲུལ་པ་ན།། སེམས་དཔའ་ཡེ་ཤེས་སྤྲུལ་པའི་ཆགས།། ཀེའུ་ཅེའུ་ལ་སོགས་མཚོགས་དང་།། སང་སྟ་ག་ལ་སོགས་ཡུལ་དུ་སྣ་།
142a7 འདོད་པའི་དབང་མོ་བརྐམ་པ་དེས།། རགས་པའི་དབང་གིས་གང་མཐོང་བ།། སྙིང་ནི་རང་གི་ཁྱོབ་དག་ལྟ།། ལྷག་པའི་གཟི་ཆེན་འབར་བ་མཐོང་།། སྙམ་པའི་དབང་གི་ཐེ་ཚོམ་སྐྱེས།། ཨེ་མའོ་བདག་གི་བདག་པོ་བས།། ཤིན་ཏུའད
142a8 འབར་གཟི་བྱིན་ཆེ། ། འདི་ཇི་ལྟ་བར་སྤྲུལ་པ་ཞིག། སྙམ་དུ་ཡིད་གཉིས་བྱུང་བ་ལས།། ཐབས་མཆོག་རྡོ་རྗེ་གཞོན་ནུ་དེས།། སྲིན་སྐད་པར་གསུམ་ཕྱུང་པ་ལས།། ཐེ་ཚོམ་རྟོག་པ་ཆང་བར་གྱུར།། ཆགས་པའི་དབང་གིས་སངས
iiif viewer powered by OpenSeadragon
141b - 142b