| | e-texts navigator
|
141b1 བ་རད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ།། འཇིག་རྟེན་ཁམས་སུ་བྱིས་པར་བསན།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ཆས་ལས་བཞི་རྡོ་རྗེ་སྤོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པའོ།། དེ་ནས་འཐུན་འཇུག་སྐྱེས་བུ
141b2 དེས། ། འཐུན་པའི་སྤྱན་གྱིས་གང་གཟིགས་ན།། ལས་ཀྱི་ཡི་དགས་དྲག་པོ་རེ།། དངོས་པོ་བནས་ནི་དབང་བྱས་པ།། རྣམ་པར་སྨིན་པའི་དངོས་པོ་ནི།། བ་མར་ཐོད་པ་མཁར་གྱི་རྫར།། ཁྲག་དང་བཤང་གཅིག་ཆེན་དང་།། རྐད་དང་གླང
141b3 པགླང་ཏས་དང་། ། རྣག་དང་ཆུ་སེར་ལ་སོགས་པའི།། འདམ་གྱིས་ཕྲུམ་ཡོངས་སུ་བསྐོར།། འབུ་དང་ཤིན་ཏུ་འབུ་ཆེན་པོ།། སྤང་པ་སྦྲང་རྒོད་དཔུང་བ་དང་།། སཱལ་དང་སྡིག་པ་སྡོམ་ལ་སོགས།། ཀང་ཀ་ཁྭ་སྲེག་འུག་པའི་ཚོགས།། ལྕེ
141b4 སྦྱང་སྟག་སེར་ལ་སོགས་པའི། ། གདུག་པ་ཅན་མི་འཁོར་གྱིས་བསྐོར་།། ལྷ་ཡི་སྡེ་དཔོན་ཀུ་རུ་དི།། བུ་མོ་དུ་དམ་མ་སྲིང་དང་།། འཇིག་རྟེན་དབང་ཕྱུག་ལྔ་ཆེད་གྱི།། ས་སྲིད་ཆུང་མ་བུ་མོ་རྣམས།། ཕྲོགས་ནས་དབང་དུ་བྱས་པ་ཡི།།
141b5 སྲམ་དང་བྱི་མོ་བྲན་མོའི་ཚོགས།། གཅུ་གཉིས་དང་ནི་བརྒྱན་ལ་སོགས།། མ་ལོ་པྲ་མེད་གནོད་པན་མོ།། སྲིན་མོ་ཤ་ཟ་ཁྲག་འཕྲོག་མ།། བདུད་ཀྱི་མིང་འཛིན་བླ་རྐུན་མ།། བློན་མོ་དམག་དཔོན་སྡེ་དབེན་མ།། རུང་དཔོན་པོ་ཉམ་དག་པར
141b6 བཅས། ། རང་རང་སྙན་དང་ལག་མར་བཅས།། ཅི་ཀྱི་བཀའ་ཏ། བཀའ་སྡོད་པའོ།། སྤྲོག་ཏེ་དཇམ་པའི་ཚུལ་དུ་འཁོད།། སྲིན་པོའི་བུ་མོ་དྲི་ཟ་བརྒྱད།། སྟག་སེང་ཝ་སྨད་བཞད་ཚོགས་དང་།། དུར་བྱ་བྱ་རོག་འུག་པའི་ཚོགས།། བསྟོར
141b7 ཅིང་རྔམ་པའི་ཚུལ་དུ་འདོད། ། སྲིན་པོའིའི་གནས་ཆེན་པོ་བརྒྱད།། ཀེའ་རི་ཅིང་པྲ་བེ་ས།། པེ་ཌ་ལི་དང་པུཀ་སི།། ཀླས་པའི་དང་སྨ་ཤ་དེ།། ཎ་ཌ་ལི་ལ་སོགས་པ་ཡི།། གཏུམ་ཞིང་རྔམ་པའི་མཚོགས་མ།། ཤིན་ཏུ་འཇིགས
141b8 པའི་གཟུགས་སུ་འཁོད། ། དུར་ཁྲོངས་ཡི་སྒོ་སྲུངས་པའི།། བརྩོན་མོ་གདོང་པོ་ཀར་ལོག་པ།། དེ་བཞིན་འཇུག་པ་ཆེན་པོ་བའོ།། གསང་སྒོ་འཛིན་ཅིང་བཀའ་བསྒོ་སྲུང་།། ངར་ལོང་བར་གསོ་གྲ་འདེགས་མ།། བརྐམ་པ་ཤིནཏུ
iiif viewer powered by OpenSeadragon
141a - 142a