| | e-texts navigator
|
140a1 ན་ང། མ་བཏུལ་ན་ཅི་གནོད། བཏུལ་ན་ཅི་ཞིག་དགོས།། དེ་སང་རྩིས་པ་ལས། བསྐུལ་བའི་གོམ་ཆེན་པོ་དེས་སྨྲས་པ། སེམས་དཔའ་ཆེན་པོ་གས་བ་བའི་བདག་པོ་ཡི་དགས་ཆེན་པོ་འདི་གང་ལེགས་པའི་དཱུ་རྐྱེན
140a2 ལས་ནི་མ་བྱུང་། ཉེས་པ་འབའ་ཞིག་གི་ཆུ་རྐྱེན་ལས་བྱུང་སྟེ། རྒུ་ནི་མུན་པའི་ད་བོ་ལས་བྱུང་ངོ་།། རྐྱེན་ནི་བཀའ་བགོ་ལོག་པའི་དཀའ་ཐུབ་དྲག་པོ་ལས་བྱུང་ངོ་།། འབྲས་བུ་ནི་སྡུག་བསྔལ་གྱི་རི་བོར་སྨིན་ནོ།། རིགས་ནི་རྨང
140a3 རིགས་འཁོར་བ་གདོལ་པ་འབྱུང་པོ་ཡི་དགས་སུ་གཏོགས་སོ། ། ལས་སྐལ་གྱི་སྤྱོད་པ་ནི་འཁོར་བའི་དངོས་པོ་བཞི་ལ་འཇོལ་ཉག་ཏུ་སྤྱོད་དོ།། འདི་མ་བཏུལ་ན་ལུས་ཅན་གྱི་བྱང་ཆུབ་སྙིང་པོ་རིང་དུ་ནུབ་པའི་སྐྱོན་དུ་འགྱུར་རོ།། བཏུལ་ན་ནི་ཀུན་གྱི
140a4 སྙིང་འོད་ཀྱི་དཀྱིལ་འཁོར་མངོན་དུཉེ་བར་འཆར་བར་འགྱུར་རོ་ཞེས་སྨྲས་པ་དང་། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཨེ་མའོ་སེམས་དཔའ་ཆེན་པོ་འོན་དུས་འདི་ནི་དུས་ལ་བབ་པའོ།། ལས་འདི་ལས་ཀྱི་མཆོག་གོ།། གསང་པ་འདི་ནི
140a5 ས་པ་མ་ངོའོ། ། ཐུ་དྲན་དུབདུ་ཐུལ། དུས་ལ་བབ་པའི་སྐབས་ཆེན་འདིར། ལས་ལ་བབ་པའི་སེམས་ཅན་འདི་སྟོངས་ལ་བབ་པའི་ཐུགས་རྗེ་ཡིས།། འདུ་ཤེས་བསྲུང་བཟུགས་རྗེའི་མཆོག། སྟོང་གསུམ་མ་ལུས་བཏོན་པབས།། བུམ
140a6 རང་ཡང་མི་ཕོད་དག་གཉེ་བར་བསྐུལ་ལོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་པག་གནས་ཀྲུང་བ་གྱིས་བུ་དམ་པ་རྡོ་རྗེ་འཛིན་དུ་སྣང་བ་ཉིད་ལ་ཡོངས་སུ་བསྒོ་བ་མཛད་པ།། རྒྱལ་བ་ཀུན་གྱི་གསང་མཛོད་པ།། ཐུགས་ཀྱི་བདག་གོ།།
140a7 རྡོརྗེ་འཛིན།། དྲག་པོ་བཏུལ་ཞུགས་ཆེན་པོ་ཅན།། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ།། སྔོན་གྱི་གོ་ཆ་ཆེན་པོའི་མཐུས།། སངས་རྒྱས་སངས་རྒྱས་ཐམས་ཅད་ཀྱི།། གདུལ་དཀའ་དྲག་པོ་འདུལ་མཛད་པ།། བདུད་ཀྱི་བདུད་དེ་བདུད་རྣམས
140a8 འཇོ་ས། ། སེམས་དཔའ་སྔོན་པོ་འབར་བའི་སྐུ།། འཇིགས་སུ་རུང་བའི་དཔའ་བྱེད་ཅན།། གཏུམ་རྔམ་འཁྲུག་པའི་ངོ་བོ་ཡིས།། དུར་ཁྲོད་བདག་པོ་རབ་ཏུ་ཆོམ་ཞེས་ཡོངས་སུ་བསྐུལ་བས། སྐྱེས་བུ་རྡོ་རྗེ་འཛིན་པ་དེ།། ལྷ་དང་བཅས་པའི་འཇིག
iiif viewer powered by OpenSeadragon
139b - 140b