| | e-texts navigator
|
138b1 གར་དགུ་ལས། ། དར་ཁྲོད་གར་གྱི་ཕྱག་རྒྱར་མཛོད་ཅེས་ངེས་པ་དམ་པར་བཅད་དོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ།། ཤིན་དུ་ལོག་པར་ཞེན་པ་ལ།
138b2 བདནཔས་པ་དཔར་མི་འགྱུར་ཏེ།། གསང་ཆེད་སྦྱོར་བའི་ལྡེམ་དགོངས་ལས།། ཐམས་ཅད་འབྲུར་འཇུག་ཉིད་དུ་མཛོད།། མཛད་སྤོང་ཚུལ་ཅན་སྤྱོད་པས་ཀྱང་།། ཐམས་ཅད་བཀའ་ཟློག་བྱེད་དུས་ན།། ཐུགས་རྗེ་འཐུན་འཇུག་མཛད
138b3 སྤྱོད་ཀྱིས། ། ལམ་ལོག་དྲང་སྲོང་སྤོས་ཅི་དགོས།། དངོས་པོས་དངོས་པོ་དགྲོལ་བ་དང་།། དུག་གིས་དུག་ནད་བསལ་བའི་ཕྱིར།། ཐབས་མཆོག་དཔག་གིས་རེ་ལང་བ་འོ།། མཛད་པ་གར་གྱི་ཕྱག་རྒྱར་མཛད་ཅེས་ངེས་པ་དམ་པར་བཅད་དོ།།
138b4 ནས་དེ་བཞིན་གཤེགས་པ་ནོར་བུའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ།། ཤིན་དུ་འཇུངས་ཤིང་བརྐམ་པ་ལ།། བཏང་བས་ཕན་པར་པ་འགྱུར་ཏེ།། མེད་ལ་མི་ཟད་ཀུན་འབྱུང་ལས།། ཐམས་ཅད་མི་ཟད
138b5 ནོར་བུར་མཛོད། ། དཀའ་རབ་ཏུལ་ཅན་འགགས་པས་ཀྱང་།། ཚེ་གཅིག་འཚོ་བར་བྱེད་ནས་ར།། མེད་ལ་འདོད་དགུ་ར་འབྱུང་བ་ཡིས། ཁམས་གསུམ་གདུང་བ་སྨོས་ཅིང་དགོས།། འཇུངས་པ་ཚིལ་པར་བྱ་བ་དང་།། ཡོངས་སུ
138b6 གདད་པ་བསལ་བའི་ཕྱིར། ། ཐེག་ཆེན་གསང་བའི་ལོངས་སྤྱོད་ལས།། ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་མཛོད་ཅེས་ངེས་པ་དམ་པར་བཅད་དོ།། དེ་ནས་དེ་བཞིན་གཤེགས་པ་གཞོན་ནུའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད
138b7 པའི་མདོ་གསུངས་པ། ། ཤིན་དུ་ལེ་ལོ་གཡེང་པའས།། བསྐུལ་བས་བརྩོན་པར་མེ་འགྱུར་ཏེ།། བྱ་བ་རྩལ་མེད་པའི་ཆོས་ཉིད་ལས།། ཐམས་ཅད་བྱ་བ་མེད་པར་མཛོད།། མིག་མོའི་ཚུལ་ཅན་གནས་པས་ཀྱང་།། དམ་པའི་ལས་ལམ
138b8 གཙང་བྱེད་ན། ། བྱ་བྲལ་མི་གཡོ་བདེ་ཆེན་པོས།། འཇིག་རྟེན་གཡེང་བ་སྒོས་ཅི་དགོས།། བི་འོ་མ་ལམ་ཆུད་བཅད་པ་དང་།། ལེ་ལོ་གཡེང་བའི་དགྲ་གཞོམ་ཕྱིར།། གཏང་སྙོམས་རྣལ་འབྱོར་ཆེན་པོ་ལས།། བྱེ་མེད་གནས་པར་ཕྱག་རྒྱར
iiif viewer powered by OpenSeadragon
138a - 139a