| | e-texts navigator
|
131a1 རྨོངས་པར་གྱུར་ཏེ་བྱོལ་སོང་གི་སྐྱེས་གནས་སུ་ལྟུང་བ་ཤ་དག་གི། ཤིན་ཏུ་ཆགས་པས་མོས་པར་གྱུར་ཏེ་མངལ་གྱི་ཁམས་སུ་འགྲོ་བ་ཤ་དག་གོ། བྱང་ཆུབ་ཀྱི་ཤིང་སྐམས་པས་སེམས་ཀྱི་རྩའི་ཚིག་པཤ་དག་གོ།། ལང་ཀའི
131a2 བདག་པོ་དེ་ཡང་འདི་ལྟར་གྲགས་ཤིང་གྲགས་ཏེ་གྲགས་པར་གྱུར་ཏོ། ། དས་པའི་དུས་ན་སྔོན་བླང་བ།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ་བའི་ཚུལ་ནི་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ
131a3 སྟོང་པ་ཉིད་ལ་བརྩོན། སྟོང་པ་ཉིད་དུ་མ་ཆད་པས།། ཆད་པའི་ཁམས་ཆེན་ཉིད་དུ་གྱུར།། དེ་ནས་སླར་ཡང་འཕོས་པ་ཡིས།། གོལ་ཐར་ལམ་ནི་ཆད་པར་འགྱུར།། འདས་པའི་དུས་ན་སྔོན་བྱུང་བ།། བདག་ཉིད་ཆེན་པོ་རྟོག་པ་ཡི།། དེ་བཞིན་གཤེགས
131a4 པའི་གསུང་བ་ལ། ། འགྲོ་བའི་ཚུལ་ནི་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་བདག་ཏུ་ལྟ་ལ་བརྩོན།། ཐེར་ཟུག་རྟག་པ་བདག་ཆེན་གྱིས།། ཐམས་ཅད་རྟག་པ་ཉིད་དུ་འགྱུར།། དེ་ནས་དེ་ཉིད་སླར་བྱུང་བས།། དམ་པ་དག་ལ
131a5 རྨོངས་པར་འགྱུར། ། འདས་པའི་དུས་ན་སྔོན་བྱུང་བ།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་ར་བ་ལ།། འགྲོ་བའི་ཚུལ་ནི་སྔོན་བླུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་འགོག་ལ་བརྩོན་པར་འགྱུར།། ཤིན་ཏུ
131a6 འགོག་པའི་སྦྱོར་བ་ཡི། ། འགས་གང་ཡོངས་སུ་འདས་པར་འགྱུར།། འདས་པའི་དུས་ན་སྔོན་བྱུང་བ།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ་བའི་ཚུལ་ནི་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ནི།།
131a7 ཤི་དབུ་འོ་གངམ་ག་ག་པར་འགྱུར།། ཤིན་ཏུ་ཁྲོ་ག་དུ་མ་གདུག་པ་ཡིས།། འ་དོད་འབོད་པར་ལྟུང་བར་འགྱུར།། དེ་ནས་འཕོས་པའི་སེམས་ཅན་དེ།། བག་ཆགས་ལས་ཀྱིས་འཚམས་སྦྱར་ནས།། ཤིན་ཏྲག་དུག་པ་ཆེན་པོར་འགྱུར།། བློ་ཡང
131a8 བདུད་ད་དགས་ནས། ། དུག་ནད་རིམས་དང་འཕྲ་མེན་མ།། གནོད་པའི་ཟུག་རྔུ་མ་གཟེར་འགྲོ།། བདུད་དང་ལོག་འདྲེན་རྣམ་ཐར་འཆེ།། ཤིན་ཏུ་གཏུམརྔམ་མ་རུངས་པས།། འཇིག་རྟེན་གསུམ་དག་འཇིག་བྱེད་ཅིང་།། དམ་ཚིག་དག་ལ་ཐ་བ་དག
iiif viewer powered by OpenSeadragon
130b - 131b